འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་20ཉིན།

༄༅༎ཟླ་11པར་ཐོ་ཁེའོ་རུ་རིམས་ནད་ཐོན་ཚུན་གྱི་རྒྱལ་སྤྱིའི་ལུས་སྦྱོང་འགྲན་བསྡུར་ཐོག་མ་སྤེལ་རྒྱུ་ཡིན་པ།

ཀྲུང་གོའི་རུ་ཁག་ཞུགས་རྒྱུའི་གཏན་འཁེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་20ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཐོ་ཁེའོ་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། རྒྱལ་སྤྱིའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཏུའུ་པན་ཧྲོའུ་ཁྲེང་གིས། ཐོ་ཁེའོ་ཡིས་ཟླ་11པར་ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན་གྱི་རྒྱལ་སྤྱིའི་ལུས་སྦྱོང་འགྲན་བསྡུར་ཐོག་མ་དེ་གཉེར་རྒྱུ་དང་ཀྲུང་གོའི་རུ་ཁག་འགྲན་བསྡུར་ནང་ཞུགས་རྒྱུ་གཏན་འཁེལ་བྱས་ཟིན་ཞེས་བཤད་པ་རེད།
     ཉེ་ཆར། ཏུའུ་པན་ཧྲོའུ་ཁྲེང་གིས། ད་རེས་ཀྱི་འགྲན་བསྡུར་དེ་ཟླ་11ཚེས་8ཉིན་ཐོ་ཁེའོ་ཏའེ་ཏའེ་མུའུ་ལུས་རྩལ་ཁང་དང་པོར་གཉེར་རྒྱུའི་གཏན་འཁེལ་རགས་ཙམ་བྱུང་བ་དང་། ཀྲུང་གོའི་རུ་ཁག་ཕུད་རི་པིན་གྱི་རུ་ཁག་དང་། ཨ་རིའི་རུ་ཁག ཨུ་རུ་སུའི་རུ་ཁག་བཅས་ལུས་སྦྱོང་སྟོབས་ཆེའི་རུ་ཁག་གསུམ་ནས་ཀྱང་བདམས་ཐོན་པ་འགྲན་བསྡུར་ནང་མངགས་རྒྱུ་རེད་ཅེས་བརྗོད།
     ཀྲུང་གོའི་རུ་ཁག་གི་རུ་སྣེ་འཁྲིད་མཁན་ཡེ་ཀྲེན་ནན་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར། དེ་ནི་ཀྲུང་གོའི་རུ་ཁག་གིས་ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན་རྒྱལ་སྤྱིའི་འགྲན་བསྡུར་ནང་ཞུགས་ཐེངས་དང་པོ་དེ་རེད་ཅེས་བཤད། ཁོང་གིས“ང་ཚོས་འགྲན་བསྡུར་ནང་མངགས་རྒྱུའི་གཏན་འཁེལ་བྱས་ཟིན། ད་ལྟའི་གནད་དོན་གཙོ་བོ་ནི་ང་ཚོ་ཕྱིར་ལོག་བྱས་རྗེས་ཉིན་14ལོགས་སུ་འཇོག་དགོས་པའི་ཁར་ལྟ་ཞིབ་ཉིན་7བྱེད་དགོས་པས་དེ་ང་ཚོའི་ངོས་ནས་བརྗོད་ན་འགྲན་སློང་ཞིག་རེད”ཅེས་བརྗོད།
     ཡོངས་བསྒྲགས་བྱས་པར་གཞིགས་ན། ཕྱི་རྒྱལ་གྱི་ལུས་རྩལ་པ་རི་པིན་དུ་འབྱོར་རྗེས་ཆེད་གཏོང་རླངས་འཁོར་བསྡད་ནས་ཕྱིར་སྐྱོད་དགོས་པ་དང་། རྩ་དོན་ཐོག་མགྲོན་ཁང་དང་འགྲན་ར་ཕུད་ཕྱིར་སྐྱོད་མི་ཆོག་པ་མ་ཟད། ད་དུང་འགྲན་བསྡུར་མ་བྱས་གོང་ཉིང་སྐྱུར་བརྟག་དཔྱད་ཀྱང་བྱ་རྒྱུའི་བླང་བྱ་བཏོན་ཡོད།
     ཏུའུ་པན་ཧྲོའུ་ཁྲེང་གིས། “ང་ཚོས་རིམས་ནད་མི་བགོ་བ་བྱ་རྒྱུ་དེ་དོན་ཆེན་ཨང་དང་པོར་བརྩིས་ནས་གྲུབ་འབྲས་ཐོབ་པའི་འགྲན་བསྡུར་ཐེངས་གཅིག་བྱས་ཏེ་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་ལ་རྒྱབ་སྐྱོར་ཐུབ་པའི་རེ་བ་ཡོད”ཅེས་བརྗོད་པ་རེད།