འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་21ཉིན།

༄༅༎བོད་ལྗོངས་འགྲིམ་འགྲུལ་ཐིང་གི་ཏང་ཨུད་ཧྲུའུ་ཅི་ལ་སྒྲིག་བཤེར་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་19ཉིན། 16:04】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། བོད་རང་སྐྱོང་ལྗོངས་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་ཚེས་18ཉིན་གནས་ཚུལ་སྤེལ་བར་གཞིགས་ན། བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཏང་ཨུད་ཧྲུའུ་ཅི། ཐིང་ཀྲང་གཞོན་པ་ཡུམ་སྐྱབས་ལ་སྒྲིག་འགལ་ཁྲིམས་འགལ་གྱི་དོགས་གཞི་ཚབས་ཆེན་ཡོད་པས། མིག་སྔར་རང་སྐྱོང་ལྗོངས་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།
     དཔྱད་ཡིག་ལས་མངོན་པར་གཞིགས་ན། ཡུམ་སྐྱབས་ཀྱིས་བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་ཏང་ཙུའི་ཁོངས་མི་དང་། ཀྲུའུ་རེན་གཞོན་པ། ལྗོངས་ལྕགས་ལམ་གཞུང་དོན་ཁང་གི་ཀྲུའུ་རེན་དང་། བོད་རང་སྐྱོང་ལྗོངས་ཉིང་ཁྲི་ས་ཨུད་ཀྱི་ཨུ་ཡོན། སྲིད་འཛིན་ཀུང་ཧྲུའུ་ཡི་རྒྱུན་ལས་ཀྲོན་ཡོན་གཞོན་པ། བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ། ཐིང་ཀྲང་གཞོན་པ། བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ཏང་ཨུད་ཧྲུའུ་ཅི་གཞོན་པ། ཐིང་ཀྲང་སོགས་ཀྱི་འགན་ཁུར་མྱོང་བ་རེད། 2020ལོའི་ཟླ་5པ་ནས་ད་བར་བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ཏང་ཨུད་ཧྲུའུ་ཅི་དང་ཐིང་ཀྲང་གཞོན་པ། སྐབས་དགུ་པའི་བོད་རང་སྐྱོང་ལྗོངས་ཏང་ཨུད་ཨུ་ཡོན་བཅས་ཀྱི་འགན་ཁུར།