འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་19ཉིན།

༄༅།།པ་རེན་དང་དབྱི་སི་རལ་གྱིས་ཕྱི་འབྲེལ་དངོས་སུ་བཙུགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་19ཉིན། 15:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།པ་རེན་དང་དབྱི་སི་རལ་གྱིས་ཕྱི་འབྲེལ་དངོས་སུ་བཙུགས་པ།
    མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་8ཉིན། མེ་ན་མེ་ནས་གནས་འཕྲིན་སྤེལ་གསལ། ཚེས་18ཉིན་པ་རེན་དང་དབྱི་རི་རལ་གཉིས་ཀྱིས་མཉམ་འབྲེལ་སྤྱི་བསྒྲགས་ལ་མིང་རྟགས་བཀོད་ནས། ཁྱོན་ཡོངས་ནས་ཕྱི་འབྲེལ་དངོས་སུ་བཙུགས་པ་རེད། 
    པ་རེན་གསར་འགྱུར་ཁང་གིས་སྤེལ་བའི་གནས་འཕྲིན་ལྟར་ན། པ་རེན་ཕྱི་འབྲེལ་དཔོན་པོ་ཀྲ་ཡེ་ནེ་དང་དབྱི་སི་རལ་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བ་མེ་ཨུ་པན་ཧྲ་པ་ཐེ་ཡིས་ཉིན་དེར་ཕྱི་འབྲེལ་དང་། ཞི་བདེ། མཛའ་གྲོགས་འབྲེལ་བ་འཛུགས་པའི་མཉམ་འབྲེལ་སྤྱི་བསྒྲགས་ལ་མིང་རྟགས་བཀོད་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ“རེ་བ་ལྡན་པའི་དུས་རབས་གསར་པ”ལ་སླེབས་པ་མཚོན་པ་རེད།
    གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ཁབ་གཉིས་པོས་ད་དུང་དཔལ་འབྱོར་ཉོ་ཚོང་དང་། གློག་འཕྲིན། ཚོང་ལས། མཁའ་འགྲུལ་ཞབས་ཞུ། མི་སྣ་འགྲོ་འོང་། དངུལ་ཁང་། དངུལ་རྩའི་ཞབས་ཞུ་སོགས་ཁྱབ་ཁོངས་ཀྱི་བསམ་ཤེས་དྲན་ཐོར་མིང་རྟགས་བཀོད་པ་རེད། འབྲེལ་ཡོད་ལས་དོན་ཚོགས་ཆུང་གིས་རྒྱལ་ཁབ་གཉིས་པོའི་སྨན་བཅོས་བདེ་སྲུང་དང་། ལག་རྩལ། ཡུལ་སྐོར། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མི་མངོན་པའི་མཉམ་ལས་ལ་གྲོས་བསྡུར་བྱས་ཁར། ཕྱོགས་གཉིས་ཀའི་འབྲེལ་བ་འཆར་འགོད་བྱས། 
    ཉིན་དེའི་སྔ་མོར་པན་ཧྲ་པ་ཐེ་ཡིས་སྣེ་ཁྲིད་པའི་དབྱི་སི་རལ་གྱི་འཐུས་མི་ཚོགས་པ་དང་ཨ་རིའི་ནོར་སྲིད་པུའུ་ཀྲང་སི་ཏི་ཝུན་མུའུ་ནུའུ་ཆིན་གྱིས་སྣེ་ཁྲིད་པའི་ཨ་རིའི་འཐུས་མི་ཚོགས་པ་པ་རེན་གྱི་རྒྱལ་ས་མེ་ན་མེ་རུ་འབྱོར་བ་རེད། 
    ཀྲ་ཡེ་ནེ་ཡིས་པུན་ཧྲ་པ་ཐེ་ལ་ཐུག་འཕྲད་གནང་སྐབས་བསྟན་དོན། དབྱི་སི་རལ་གྱི་འཐུས་མི་ཚོགས་པ་འཚམས་འདྲིར་ཕེབས་པར་དོན་སྙིང་གལ་ཆེན་ལྡན་ཡོད། འཚམས་འདྲིའི་དགེ་མཚན་ལྡན་པའི་གྲུབ་འབྲས་ཀྱིས་རྒྱལ་ཁབ་གཉིས་པོའི་དབར་དེ་བས་རྒྱ་ཆེ་བའི་འབྲེལ་བ་འཛུགས་རྒྱུར་སྐུལ་འདེད་བྱེད་རྒྱུ་རེད། 
    པན་ཧྲ་པ་ཐེ་ཡིས་ད་ཐེངས་ཀྱི་འཚམས་འདྲི་དེས་རྒྱལ་ཁབ་གཉིས་པོའི་འབྱུང་འགྱུར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་རེད། རྒྱལ་ཁབ་གཉིས་པོས་རྒྱུན་མཐུད་ངང་མཐུན་སྦྱོར་མཉམ་ལས་བྱས་ཏེ་ས་ཁུལ་གྱི་ཞི་བདེའི་འཕེལ་རིམ་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད། 
    ཟླ་9ཚེས་11ཉིན། ཨ་རི་དང་། དབྱི་སི་རལ། པ་རེན་བཅས་ཀྱིས་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས་དབྱི་སི་རལ་དང་པ་རེན་བར་ཁྱོན་ཡོངས་ནས་ཕྱི་འབྲེལ་འཛུགས་རྒྱུའི་མོས་མཐུན་བྱས་ཡོད་ཅེས་བཤད་པ་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེའི་ཐད་ལ་ལྟ་སྟངས་མི་འདྲ་བ་འཛིན་གྱི་ཡོད། ཕ་ལེ་སི་ཐན་གྱིས་ཨ་མེ་རི་ཁས་མཚམས་སྦྱོར་བྱས་པར་བརྟེན་དབྱི་སི་རལ་དང་འབྲེལ་བ་རྒྱུན་ལྡན་ཅན་དུ་བསྒྱུར་བར་པ་རེན་ལ་རྒོལ་གཏམ་དྲག་པོ་བཏང་ཞིང་། པ་རེན་དུ་བཅའ་སྡོད་གཞུང་ཚབ་ཆེན་མོ་ཕྱིར་བསྡུ་བ་ཁྱབ་བསྒྲགས་བྱས།