འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་19ཉིན།

༄༅༎མཚོ་སྔོན་ནས་ཧོ་ནན་བར་གྱི་ཐད་རྒྱུག་ལས་གྲྭའི་ལེ་ལག་ཚང་བའི་ནུས་རྒྱུ་གསར་པའི་
རྣམ་གྲངས་ཕྱོགས་ཡོངས་ནས་དྲ་སྦྲེལ་འཁོར་རྒྱུག་ཐུབ་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་18ཉིན། 14:35】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རྒྱལ་ཁབ་དྲ་བ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སི་ནས་ཤེས་རྟོགས་བྱུང་བར། མིག་སྔར་མཚོ་སྔོན་ནས་ཧོ་ནན་བར་གྱི་ཐད་རྒྱུག་ལས་གྲྭའི་ལེ་ལག་ཚང་བའི་ཆན་ཝ་ཁྲི་500ཡི་ནུས་རྒྱུ་གསར་པའི་རྣམ་གྲངས་ཕྱོགས་ཡོངས་ནས་དྲ་སྦྲེལ་ཐུབ་པ་རེད། དེས་ན། མཚོ་སྔོན་ཞིང་ཆེན་གྱི་ནུས་རྒྱུ་གཙང་མའི་འཕྲུལ་འཁོར་སྒྲིག་སྦྱོར་གྱི་བསྡུར་ཚད་89.4%ཟིན་ནས་ནུས་རྒྱུ་གསར་པའི་འཕྲུལ་འཁོར་སྒྲིག་སྦྱོར་གྱི་བསྡུར་ཚད་57.1%ལས་བརྒལ་བ་རེད།
     མཚོ་སྔོན་ནས་ཧོ་ནན་བར་གྱི་ཐད་རྒྱུག་ལས་གྲྭའི་ལེ་ལག་ཚང་བའི་གློག་ཁུངས་དྲ་སྦྲེལ་ལ་འདེགས་སྐྱོར་བྱ་ཆེད། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིས་བསྡོམས་མ་དངུལ་སྒོར་དུང་ཕྱུར་6.2བཏང་ནས་ནུས་རྒྱུ་གཙང་མའི་དྲ་སྦྲེལ་གྱི་ལེ་ལག་ཚང་བའི་ལས་གྲྭ་ཁག་5འཛུགས་སྐྲུན་བྱས་པ་རེད། རྣམ་གྲངས་དེ་ཡོངས་སུ་འཁོར་རྒྱུག་ཐུབ་རྗེས་མཚོ་སྔོན་ནས་ཧོ་ནན་བར་གྱི་ཐད་རྒྱུག་ལས་གྲྭར་གློག་ཚད་20%ཡི་འདེགས་སྐྱོར་ཐུབ་ནས་ལོ་ལྟར་ནུས་རྒྱུ་གཙང་མ་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར་80མང་དུ་འགྲོ་རྒྱུ་རེད།