འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་19ཉིན།

༄༅༎ལི་ཅང་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་གྱི་འབྲི་ཆུའི་ཟམ་ཆེན་སྦྲེལ་མཐུད་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་17ཉིན། 12:18】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་གློག་འཕྲིན་འབྱོར་གསལ། ལམ་དུམ་མཐའ་མའི་ཏུན་640ཡོད་པའི་ལྕགས་གདུང་དཔྱང་སྒྲིག་བྱས་པ་དང་བསྟུན་ནས་ཀྲུང་གོ་ལྕགས་ལམ་ཁང་གཉིས་པས་ཇུས་འགོད་བྱས་པ་དང་ཀྲུང་གོ་ལྕགས་ལམ་ཟམ་ཆེན་ཅུས་ཀྱིས་སྐྲུན་འགན་འཁུར་བའི་ལི་ཅང་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་གྱི་འབྲི་ཆུའི་ཟམ་ཆེན་ཚེས་13ཉིན་སྦྲེལ་མཐུད་ཐུབ་ནས་ལི་ཅང་དང་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་དུ་དུས་བཀག་ལྟར་མེ་འཁོར་ཤོར་གཏོང་ཐུབ་རྒྱུར་རྨང་གཞི་བརྟན་པོ་བཏིང་པ་རེད།
     འབྲི་ཆུའི་ཟམ་ཆེན་ནི་ལི་ཅང་དང་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་གྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་གལ་ཆེན་ཞིག་ཡིན་པ་དང་ཟམ་ཆེན་ཧྲིལ་པོར་རིང་ཚད་སྨི་882.5ཡོད་པ་དང་། བར་ཞེང་ལ་སྨི་660ཡོད་པ། ཟམ་ངོས་ནས་གཙང་ངོས་བར་གྱི་ཐད་དཔྱང་བར་ཐག་ལ་སྨི་250ཡོད་པ། ཟམ་ཆེན་ཡོངས་ལྕགས་གདུང་71ལས་སྒྲིག་སྦྱོར་བྱས་པ། ལྕགས་གདུང་རྐྱང་པ་རེར་ལྗིད་ཚད་ཏུན་640ཡོད། “ལྕགས་གདུང་དེ་དག་བདེ་བླག་ངང་དཔྱང་སྒྲིག་བྱ་ཆེད། ཀྲུང་གོ་ལྕགས་ལམ་ཟམ་ཆེན་ཅུས་ཀྱིས་རང་བརྟེན་ངང་མིག་སྔར་འཛམ་གླིང་དུ་ཅ་དངོས་ལྗིད་ཤོས་དཔྱང་འདེགས་ཐུབ་པའི་དཔྱང་ཐག་འདེགས་འཁོར་ཇུས་འགོད་ཞིབ་བཟོ་བྱས་པ་དང་། དཔྱང་འདེགས་ཐུབ་པའི་ལྗིད་ཚད་ཏུན་800ཟིན་གྱི་ཡོད”ཅེས་ཀྲུང་གོ་ལྕགས་ལམ་ཟམ་ཆེན་ཅུས་འབྲི་ཆུའི་ཟམ་ཆེན་རྣམ་གྲངས་པུའི་ཅིང་ལི་ཝུའུ་ཞའོ་ཐོན་གྱིས་ངོ་སྤྲོད་བྱས་པ་རེད།