འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་18ཉིན།

༄༅༎མཚོ་བོད་ལྕགས་ལམ་གྱིས་ས་མཐོའི་ཡུལ་སྐོར་གྱི “མུ་ཏིག་སྦྲེལ་ཐག”བཏོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་17ཉིན། 12:17】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎མཚོ་བོད་ལྕགས་ལམ་གྱིས་ས་མཐོའི་ཡུལ་སྐོར་གྱི “མུ་ཏིག་སྦྲེལ་ཐག”བཏོད་པ།
     མཚོ་བོད་ལྕགས་ལམ་རྒྱུད་དུ་མཚོ་སྔོན་པོ་དང་ཚྭ་ཁ་ཚྭ་མཚེའུ་སོགས་ཡུལ་སྐོར་མཛེས་ལྗོངས་ཁུལ་གྲགས་ཅན་མང་པོ་ཞིག་ཡོད། སྔོན་ཆད་འགྲིམ་འགྲུལ་སྟབས་བདེ་མེད་རྐྱེན་མཚོ་བོད་ལྕགས་ལམ་རྒྱུད་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་འགོར་ཙམ་ཡོད། ད་ཆ་མཛེས་ལྗོངས་ཁུལ་དེ་དག་མཚོ་བོད་ས་མཐོའི་ཐོག་གི“མཛེས་སྡུག་ལྡན་པའི་མུ་ཏིག”དང་འདྲ་བར་མཚོ་བོད་ལྕགས་ལམ་རྒྱུད་དུ་མངོན་བཞིན་ཡོད། མཚོ་བོད་ལྕགས་ལམ་བསྐྲུན་པས་སྔོན་ཆད་སྲོལ་རྒྱུན་གྱི་འབྲོག་ལས་ལ་བརྟེན་ནས་འཚོ་བ་སྐྱེལ་བའི་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱི་ལྟ་བར་འགྱུར་ལྡོག་ཕྱིན་ནས་སྣོད་བཅུད་འབྲོག་ལས་འཕེལ་རྒྱས་གཏོང་བ་དང་ཆབས་ཅིག་ས་གནས་དེ་གའི་ལེགས་ལྡན་ཐོན་ཁུངས་གང་ལེགས་སྤྱད་དེ་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་བཏང་བས་ཡུལ་སྐོར་གྱི་ཡོང་འབབ་མང་དུ་ཕྱིན་ཡོད། འདི་ནི་ཉེ་ཆར་ལྗོངས་གཟིགས་མེ་འཁོར་ཆུང་གྲས་ཤིག་ཚྭ་ཁ་ཚྭ་མཚེའུ་ཡི་མཛེས་ལྗོངས་ཁུལ་དུ་སྐྱོད་བཞིན་ཡོད་པ།