འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་16ཉིན།

༄༅༎སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞིས་བརྗོད་དོན། སུའེ་ཀྲུང་མཉམ་ལས་ལ་མངོན་མེད་སྟོབས་ཤུགས་ཆེན་པོ་ལྡན་ཡོད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་16ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པེར་ནེ་ནས་ཟླ་10ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཚེས་13ཉིན། སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་སུའོ་མ་ལུའུ་ཅ་ཡིས་སུའེ་ཀྲུང་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་70འགྲོ་གི་ཡོད། སྤྱི་ཡོངས་ཀྱི་མཉམ་ལས་བདེ་བླག་བྱུང་ནས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། འདི་ལོ་ནས་བཟུང་ཕྱོགས་གཉིས་པོས་ཏོག་གསར་རིམས་ནད་ལ་འགོག་རྒོལ་བྱེད་རིང་ཕན་ཚུན་རྒྱབ་སྐྱོར་བྱས་ཡོད། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས། ཕྱོགས་གཉིས་པོའི་དབར་ཕྱོགས་མང་པོའི་ཐད་མཉམ་ལས་ཀྱི་མངོན་མེད་སྟོབས་ཤུགས་ཆེན་པོ་ལྡན་ཡོད་ཅེས་བརྗོད།
     སུའོ་མ་ལུའུ་ཅ་ཡིས་གསར་དུ་བསྐོས་པའི་སུའེ་ཙེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཝང་ཧྲི་ཐིང་གིས་ཕུལ་བའི་རྒྱལ་ཁབ་གཞུང་ཡིག་དང་ལེན་བྱེད་སྐབས་གོང་གསལ་གྱི་སྐད་ཆ་དེ་དག་བརྗོད་པ་རེད། སུའོ་མ་ལུའུ་ཅ་ཡིས་ཝང་ཧྲི་ཐིང་གིས་གཞུང་ཚབ་ཆེ་མོ་བའི་ལས་འགན་གསར་དུ་འཁུར་བར་དགའ་བསུ་ཞུས་པ་དང་འབྲེལ། གཞུང་ཚབ་ཆེ་མོ་བས་ཁོང་གིས་ཀྲུང་གོའི་འགོ་ཁྲིད་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྙིང་དབུས་ནས་སྨོན་འདུན་ཞུ་ལུགས་བརྒྱུད་ཞུ་བྱེད་དགོས་པའི་རེ་བ་བཏོན་ཡོད། ཁོང་གིས་སུའེ་ཙེར་ཕྱོགས་ནས་གཞུང་ཚབ་ཆེ་མོ་བས་ལས་འགན་གསར་པ་འཁུར་རིང་རྒྱབ་སྐྱོར་ཧུར་ཐག་བྱས་ནས་ཀྲུང་གོ་དང་སུའེ་ཙེར་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་ཟབ་ཏུ་འགྲོ་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་བརྗོད་ཡོད།
     ཝང་ཧྲི་ཐིང་གིས་འདི་ལོ་ནི་ཀྲུང་སུའེ་དབར་ཕྱི་འབྲེལ་བཙུགས་ནས་ལོ་70འཁོར་བའི་ལོ་ཞིག་རེད། ལོ་70ཡི་རིང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་མྱུར་པོ་བྱུང་བ་དང་། ལྷག་པར་དུ་2017ལོར་ཀྲུང་གོའི་འགོ་ཁྲིད་པས་སུའེ་ཙེར་ལ་རྒྱལ་དོན་འཚམས་འདྲི་གནང་བས། ཕྱོགས་གཉིས་པོའི་འབྲེལ་བར་རྨང་གཞི་བརྟན་པོ་བཏིང་བ་དང་འཕེལ་རྒྱལ་ཀྱི་ཁ་ཕྱོགས་གསལ་སྟོན་བྱུང་ནས། ཀྲུང་སུའེ་དབར་གསར་གཏོད་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ཡོད་ཅེས་བརྗོད། ཝང་ཧྲི་ཐིང་གིས་གསར་དུ་བསྐོས་མ་ཐག་པའི་སུའེ་ཙེར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཞིག་གི་ངོས་ནས། ངས་ཀྲུང་སུའེ་མཉམ་ལས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པ་ཐོབ་པར་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་བས་མཛེས་སྡུག་ལྡན་པའི་ལོ་70གསར་པ་ཞིག་གི་འགོ་འཛུགས་རྒྱུ་ཡིན་ཞེས་བརྗོད།