འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་16ཉིན།

༄༅༎བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་
དྲུང་ཆེ་གཞོན་པ་བཀྲ་ཤིས་རྒྱ་མཚོ་གཟུང་རྒྱུའི་ཐག་བཅད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་15ཉིན། 16:35】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་དེ་སྔའི་དྲུང་ཆེ་གཞོན་པ། གཞུང་དོན་ཐིང་གི་དེ་སྔའི་ཏང་ཙུའུ་ཡི་ཁོངས་མི་བཀྲ་ཤིས་རྒྱ་མཚོ(ཐིང་རིམ་པ་རྒན་པ)ཡིས་ལྐོག་རྔན་བླངས་པའི་དོགས་གཞིའི་གྱོད་དོན་དེ། བོད་རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་མཇུག་བསྒྲིལ་ནས་ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་ཞུ་གཏུག་བྱེད་པར་རྩིས་སྤྲད། ཉིན་ཤས་གོང་། བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་པ་ཡོད་པའི་ཐོག་ནས་བཀྲ་ཤིས་རྒྱ་མཚོ་གཟུང་རྒྱུའི་ཐག་བཅད་པ་དང་། གྱོད་གཞི་དེར་སྔར་བས་ཀྱང་འདྲི་ཞིབ་བྱེད་བཞིན་ཡོད་པ་རེད།
     བཀྲ་ཤིས་རྒྱ་མཚོའི་ལོ་རྒྱུས་མདོར་བསྡུས།
     བཀྲ་ཤིས་རྒྱ་མཚོ། ཕོ། བོད་རིགས། 1966ལོའི་ཟླ་6པར་སྐྱེས། སི་ཁྲོན་ནེ་ཅང་ནས་ཡིན་པ། ལས་ཐོག་ཞིབ་འཇུག་སློབ་མའི་ཡོན་ཚད། 1986ལོའི་ཟླ་8པར་ལས་ཀར་ཞུགས། 1995ལོའི་ཟླ་3པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས།
     1986ལོའི་ཟླ་8པ་ནས་1990ལོའི་ཟླ་12པའི་བར། བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་ཚན་རིག་ཞིབ་འཇུག་སུའོ་ཡི་ལས་བྱེད་པ་བྱས།
     1990ལོའི་ཟླ་12པ་ནས་1993ལོའི་ཟླ་དང་པོའི་བར། བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་ཐིང་གི་ལས་བྱེད་པ་བྱས།
     1993ལོའི་ཟླ་1པོ་ནས་1994ལོའི་ཟླ་2པའི་བར། བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་ཐིང་གི་ཀྲུའུ་རེན་ཁོའོ་ཡོན་བྱས།
     1994ལོའི་ཟླ་2པ་ནས་1999ལོའི་ཟླ་2པའི་བར། བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་ཐིང་གཞུང་ལམ་ལས་གྲྭ་སྤྱི་ཁྱབ་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་དང་སྤྱི་ཁྱབ་ཅིང་ལིའི་ལས་ཚབ་པ་བྱས།
     1999ལོའི་ཟླ་2པ་ནས་2001ལོའི་ཟླ་9པའི་བར། བོད་ལྗོངས་མཁའ་ལམ་འགྲིམ་འགྲུལ་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་གཞོན་པ་དང་སྤྱི་ཁྱབ་ཅིང་ལི་བྱས།
     2001ལོའི་ཟླ་9པ་ནས་2002ལོའི་ཟླ་3པའི་བར། བོད་ལྗོངས་མཁའ་ལམ་འགྲིམ་འགྲུལ་མ་རྐང་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ཏུང་ཧྲི་ཀྲང་གཞོན་པ། སྤྱི་ཁྱབ་ཅིང་ལི་བྱས།
     2002ལོའི་ཟླ་3པ་ནས་2004ལོའི་ཟླ་3པའི་བར། བོད་ལྗོངས་མཁའ་ལམ་འགྲིམ་འགྲུལ་མ་རྐང་ཚད་ཡོད་ཀུང་སིའི་ཏང་ཨུད་ཧྲུའུ་ཅི་གཞོན་པ་དང་། ཏུང་ཧྲི་ཀྲང་། སྤྱི་ཁྱབ་ཅིང་ལི་བྱས།
     2004ལོའི་ཟླ་3པ་ནས་2005ལོའི་ཟླ་9པའི་བར། བོད་ལྗོངས་མཁའ་ལམ་འགྲིམ་འགྲུལ་མ་རྐང་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ཏུང་ཧྲི་ཀྲང་། སྤྱི་ཁྱབ་ཅིང་ལི། བོད་ལྗོངས་གཞུང་ལམ་ལས་གྲྭ་སྤྱི་ཁྱབ་ཀུང་སིའི་ཏང་ཨུད་ཧྲུའུ་ཅི་གཞོན་པ་དང་སྤྱི་ཁྱབ་ཅིང་ལི་བྱས།
     2005ལོའི་ཟླ་9པ་ནས་2009ལོའི་ཟླ་དང་པོའི་བར། བོད་ལྗོངས་མཁའ་ལམ་འགྲིམ་འགྲུལ་མ་རྐང་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་། བོད་ལྗོངས་གཞུང་ལམ་ལས་གྲྭ་སྤྱི་ཁྱབ་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྤྱི་ཁྱབ་ཅིང་ལི་བྱས།
     2009ལོའི་ཟླ་1པོ་ནས་2009ལོའི་ཟླ་11པའི་བར། བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་ཐིང་ཏང་ཨུད་ཀྱི་ཨུ་ཡོན་དང་ཐིང་ཀྲང་གཞོན་པ་བྱས།
     2009ལོའི་ཟླ་11པ་ནས་2012ལོའི་ཟླ་དང་པོའི་བར། བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ཏང་ཨུད་ཀྱི་ཨུ་ཡོན་དང་ཐིང་ཀྲང་གཞོན་པ་བྱས།
     2012ལོའི་ཟླ་1པོ་ནས་2015ལོའི་ཟླ་6པའི་བར། བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཐིང་ཀྲང་བྱས།
     2015ལོའི་ཟླ་6པ་ནས་ད་བར། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་དྲུང་ཆེ་གཞོན་པ(ཐིང་རིམ་པ་རྒན་པ)དང་གཞུང་དོན་ཐིང་ཏང་ཙུའི་ཁོངས་མི་བྱས།