འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་15ཉིན།

༄༅༎ཕྱི་འབྲེལ་པུས་ཨ་རིས་ཐའེ་ཝན་ལ་མཚོན་ཆ་འཚོང་བའི་ཐད་དུས་བབ་འཕེལ་རྒྱས་ལ་གཞིགས་ནས་
ལུགས་མཐུན་དང་དགོས་ངེས་ཀྱི་ཨ་ལན་སློག་རྒྱུ་ཡིན་ཞེས་བཤད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་14ཉིན། 14:52】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐའེ་ཝན་ལ་མཚོན་ཆ་སྒྲིག་ཆས་ཆ་ཚང་གསུམ་འཚོང་རྒྱུའི་ཆོག་མཆན་སྤྲད་ཡོད་ཅེས་པའི་གསར་འགྱུར་ལ་དམིགས་ནས། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་ཚེས་13ཉིན་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ལ། ཨ་རི་ཕྱོགས་ཀྱིས་ཐའེ་ཝན་ལ་མཚོན་ཆ་འཚོང་མཚམས་འཇོག་དགོས་པ་དང་ཨ་རི་དང་ཐའེ་ཝན་དབར་གྱི་དམག་དོན་འབྲེལ་བ་མཚམས་འཇོག་དགོས་པའི་སྐུལ་མ་གཏོང་རྒྱུ། ཀྲུང་གོ་ཕྱོགས་ཀྱིས་དུས་བབ་འཕེལ་རྒྱས་ལ་གཞིགས་ནས་ལུགས་མཐུན་དང་དགོས་ངེས་ཀྱི་ཨ་ལན་སློག་རྒྱུ་ཡིན་ཞེས་བརྗོད།
     ཀྲའོ་ལི་ཅན་གྱིས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུའི་ཐོག་ཨ་རིས་ཐའེ་ཝན་ལ་མཚོན་ཆ་འཚོང་བ་དེས་ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་གོ་དང་ཨ་རིའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་དང་ལྷག་པར་དུ“བརྒྱད་པའི་བཅུ་བདུན”གྱི་སྤྱི་བསྒྲགས་ཀྱི་གཏན་འབེབས་དང་ཚབས་ཆེན་འགལ་ཡོད་པ་དང་། ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་ཚབས་ཆེན་བྱས་པ། ཀྲུང་གོའི་བདག་དབང་དང་བདེ་འཇགས་ཀྱི་ཁེ་ཕན་ལ་གནོད་འཚེ་ཚབས་ཆེན་བཏང་བས་ཀྲུང་གོ་ཕྱོགས་ཀྱིས་དེར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བརྗོད།
     “ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ལ་ཨ་རིས་ཐའེ་ཝན་ལ་མཚོན་ཆ་འཚོང་བའི་གནད་དོན་གྱི་གནོད་འཚེའི་རང་བཞིན་ལ་ངོས་འཛིན་གསལ་པོ་བྱེད་དགོས་པའི་ལྕག་སྐུལ་བྱ་རྒྱུ་ཡིན། ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་གོ་དང་ཨ་རིའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་གྱི་གཏན་འབེབས་དམ་སྲུང་བྱས་ནས། ཐའེ་ཝན་ལ་མཚོན་ཆ་འཚོང་རྒྱུའི་འཆར་གཞི་ཚང་མ་མེད་པ་བཟོས་ནས་ཐའེ་ཝན་ལ་མཚོན་ཆ་འཚོང་བ་དང་ཨ་རི་དང་ཐའེ་ཝན་དབར་གྱི་དམག་དོན་འབྲེལ་བ་མཚམས་འཇོག་དགོས། ཀྲུང་གོ་ཕྱོགས་ཀྱིས་དུས་བབ་འཕེལ་རྒྱས་ལ་གཞིགས་ནས་ལུགས་མཐུན་དང་དགོས་ངེས་ཀྱི་ཨ་ལན་སློག་རྒྱུ་ཡིན”ཞེས་ཀྲའོ་ལི་ཅན་གྱིས་བཤད།