འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་12ཉིན།

༄༅༎པར་རིས་ཐོག་ནས་ཆབ་མདོའི་ལོ་ངོ་70ཡི་འཕོ་འགྱུར་ཆེན་པོར་བལྟས་པ། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་12ཉིན། 12:44】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་ཆབ་མདོ་གྲོང་ཁུལ་གསར་རྙིང་གི་བསྡུར་བ་ཡིན།
འདི་ནི་ཆབ་མདོ་གྲོང་ཁུལ་གསར་རྙིང་གི་བསྡུར་བ་ཡིན།
     མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་བོད་ལྗོངས་དྲ་བ་ནས་གློག་འཕྲིན་འབྱོར་གསལ། ཆབ་མདོ་བཅིངས་འགྲོལ་བྱས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་ཆེད“འོད་སྟོང་འབར་བའི་ལོ་ངོ་70 ཡིས་ཆབ་མདོ་གསར་པར་བསྟོད་གླུ་འབུལ་བ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཡིག་གཟུགས་དང་མཛེས་རྩལ། པར་རིས་བཅས་ཀྱི་འགྲེམས་སྟོན་ཆབ་མདོ་གྲོང་ཁྱེར་རྟེན་རྫས་བཤམས་མཛོད་ཁང་དུ་གཉེར་བ་རེད། 
     ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་འགྲེམས་སྟོན་བྱས་པའི་བརྩམས་ཆོས་ནི་བརྩམས་ཆོས་ཆིག་སྟོང་ལྷག་ཙམ་ཁྲོད་ཡིག་གཟུགས་བརྩམས་ཆོས་94(རྒྱ་ཡིག་59དང་བོད་ཡིག་35)དང་རི་མོའི་རིགས་ཀྱི་བརྩམས་ཆོས་48  ཐང་ག་14  པར་ལེན་བརྩམས་ཆོས་218བཅས་ལེགས་འདེམས་བྱས་པ་ཡིན་ལ། བརྩམས་ཆོས་དེ་དག་ནང་བོད་རང་སྐྱོང་ལྗོངས་ནང་ཁུལ་གྱི་ཡིག་གཟུགས་དང་། མཛེས་རྩལ། ལས་ཞོར་པར་ལེན་ལ་དགའ་པོ་བྱེད་མཁན་བཅས་ཀྱི་བརྩམས་ཆོས་རྩེ་གྲ་ཡོད་ལ། ཧྥུའུ་ཅན་ཞིང་ཆེན་དང་། ཐེན་ཅིན་གྲོང་ཁྱེར། ཁྲུང་ཆིང་གྲོང་ཁྱེར། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་བཅས་ནས་ཡོང་བའི་སྒྱུ་རྩལ་མཁས་ཅན་གྱི་བརྩམས་ཆོས་ཀྱང་ཡོད། 
     འགྲེམས་སྟོན་བརྩམས་ཆོས་ཀྱིས་ཟུར་ཚད་མི་འདྲ་བའི་ཐོག་ནས་ཆབ་མདོའི་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་འབད་འཐབ་ཀྱི་བསམ་པའི་ཉམས་འགྱུར་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་རླབས་ཆེན་གྲུབ་འབྲས། མཛེས་སྡུག་ལྡན་པའི་ཆབ་མདོའི་འཛུགས་སྐྲུན་གྲུབ་འབྲས། བདེ་སྐྱིད་ལྡན་པའི་འཚོ་བའི་དགའ་འོས་པའི་རྣམ་པ་བཅས་དང་དེ་བཞིན་ཐུན་མིན་ཁྱད་ཆོས་ལྡན་པའི་ཡུལ་སྲོལ་གོམས་གཤིས། མཛེས་སྡུག་ཡིད་དུ་འོང་བའི་རང་བྱུང་མཛེས་ལྗོངས། སྙན་གྲགས་ཡུན་རིང་ལྡན་པའི་མངོན་མིན་རིག་གནས་ཤུལ་བཞག་སྟེ་ཐང་གའི་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་ཤོས་བཅས་མཚོན་ཡོད། 
【1】  【2】  【3】
འདི་ནི་འགྲེམས་སྟོན་བྱས་པའི་པར་ལེན་བརྩམས་ཆོས་ཡིན།
འདི་ནི་འགྲེམས་སྟོན་བྱས་པའི་པར་ལེན་བརྩམས་ཆོས་ཡིན།