འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་11ཉིན།

༄༅༎རི་འཛེག་པ་80ལྷག་ཙམ་གྱིས་ལྷོ་སྟོད་རི་རྩེར་འཛེགས་པ། “སྣེ་གསུམ་པའི”ཀྲུང་གོའི་བོད་ལྗོངས་ཀྱི་
རི་འཛེག་འདུ་ཚོགས་སྐབས་བཅོ་བརྒྱད་པ་མཇུག་འགྲིལ་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་10ཉིན། 09:46】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་ཟླ་10ཚེས་5ཉིན་རི་འཛེག་ལ་དགའ་པོ་ཡོད་མཁན་ཚོས་ལྷོ་སྟོད་རི་རྩེར་འཛེག་བཞིན་པ།
འདི་ནི་ཟླ་10ཚེས་5ཉིན་རི་འཛེག་ལ་དགའ་པོ་ཡོད་མཁན་ཚོས་ལྷོ་སྟོད་རི་རྩེར་འཛེག་བཞིན་པ།
     ཚེས་5ཉིན། རི་འཛེག་པ་80ལྷག་ཙམ་གྱིས་ས་བབ་མཐོ་ཚད་སྨི་6010ཟིན་པའི་ལྷོ་སྟོད་གངས་རིའི་རྩེ་མོར་འཛེགས་པ་མ་ཟད། བདེ་འཇགས་ངང་བབས་པ་རེད། དེ་ལས“སྣེ་གསུམ་པའི”ཀྲུང་གོའི་བོད་ལྗོངས་ཀྱི་རི་འཛེག་འདུ་ཚོགས་སྐབས་བཅོ་བརྒྱད་པ་ཕུན་སུམ་ཚོགས་པོའི་སྒོ་ནས་མཇུག་འགྲིལ་བ་མཚོན་གྱི་ཡོད། ལྷ་ས་གྲོང་ཁུལ་ནས་རླངས་འཁོར་ལ་བསྡད་དེ་ལྷོ་སྟོད་རི་བར་ལམ་བར་དུ་ཆུ་ཚོད་གསུམ་ཙམ་འགོར་གྱི་ཡོད། གཞུང་ལམ་གངས་རིའི་གཤམ་བར་ཡོད་པ་དང་། རི་རྩེར་མ་འཛེགས་གོང་མཚན་མོ་ས་བབ་མཐོ་བའི་སྒར་སར་ཞག་སྡོད་བྱེད་མི་དགོས་པས། གངས་རི་འཛེགས་ཐེངས་དང་པོ་ཚོར་ཧ་ཅང་འཚམ་པོ་ཡོད།