འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་30ཉིན།

༄༅༎སྐབས་བཞི་པའི་རྒྱལ་ཡོངས་མཐོ་སློབ་བོད་ཀྱི་རི་མོའི་སྒྱུ་རྩལ་བརྩམས་ཆོས་འགྲེམས་སྟོན་ལྷ་སར་སྤེལ་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་30ཉིན། 13:03】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎སྐབས་བཞི་པའི་རྒྱལ་ཡོངས་མཐོ་སློབ་བོད་ཀྱི་རི་མོའི་སྒྱུ་རྩལ་བརྩམས་ཆོས་འགྲེམས་སྟོན་ལྷ་སར་སྤེལ་བ།
     མི་དམངས་དྲ་བའི་འཕྲིན། “སྐབས་གསུམ་པའི་རྒྱལ་ཡོངས་མཐོ་སློབ་བོད་ཀྱི་རི་མོའི་ཆེད་ལས་སློབ་ཁྲིད་བགྲོ་གླེང་ཚོགས་འདུ་དང་མཐོ་སློབ་བོད་ཀྱི་རི་མོའི་འབྲི་རྩལ་གྱི་འགྲན་བསྡུར་ཆེ་མོ། སྐབས་བཞི་པའི་རྒྱལ་ཡོངས་མཐོ་སློབ་བོད་ཀྱི་རི་མོའི་སྒྱུ་རྩལ་བརྩམས་ཆོས་འགྲེམས་སྟོན”ཟླ་9ཚེས་28ཉིན་བོད་ལྗོངས་སློབ་ཆེན་དུ་སྤེལ་བ་རེད།
     བོད་ལྗོངས་སློབ་ཆེན་མཛེས་རྩལ་ཚན་ཁག་གི་དགེ་རྒན་སྟག་ལྷ་ཚེ་བརྟན་གྱིས“སྐབས་འདིའི་འགྲེམས་སྟོན་ནང་ཞུགས་པའི་བརྩམས་ཆོས་དེ་སྔ་ལོ་དང་བསྡུར་ན་གཙོ་བོ་མཚོན་ཐབས་མི་འདྲ་བ་རེད། སྲོལ་རྒྱུན་གྱི་རི་མོ་རྒྱུན་འཛིན་བྱེད་པའི་རྨང་གཞིའི་ཐོག་དེང་སྐབས་ཀྱི་འཚོ་བ་དང་ཟུང་འབྲེལ་བྱས་ནས་གསར་རྩོམ་བྱས་པ་ཡིན་ལ། སྲོལ་རྒྱུན་གྱི་ཐང་ག་འབྲི་བ་ཁོ་ན་ཙམ་མིན། དེ་ནི་སྐབས་གོང་མ་དང་མི་འདྲ་ས་ཆེ་ཤོས་དེ་རེད”ཅེས་བཤད་པ་དང་། བོད་ཀྱི་རི་མོའི་འབྲི་རྩལ་གྱི་འགྲན་བསྡུར་ཆེ་མོ་སྐབས་གོང་མ་ཚང་མར་རྒྱན་འཕངས་ནས་བརྗོད་དོན་གཏན་འཁེལ་བྱས་པ་དང་དུས་ཡུན་ཉིན་གསུམ་གྱི་གསར་རྩོམ་བྱས་ཡོད། ད་ལོར་དུས་ཚོད་ཉིན་གཅིག་བར་ཐུང་དུ་བཏང་བས། སློབ་མའི་སྐབས་ཐོག་གི་གསར་རྩོམ་དང་རི་མོ་འབྲི་རྩལ་ཐད་ལ་བླང་བྱ་ཧ་ཅང་ཆེན་པོ་བཏོན་ཡོད་ཅེས་བརྗོད།
     འབྲེལ་ཡོད་འགན་འཁུར་བས་བསྟན་དོན། ད་ཐེངས་ཀྱི་བྱེད་སྒོས་འགྲེམས་སྟོན་དང་། འགྲན་བསྡུར། དེ་བཞིན་བགྲོ་གླེང་བཅས་ཀྱི་རྣམ་པའི་ཐོག་ནས་མཐོ་སློབ་ཁག་གི་བོད་ཀྱི་རི་མོའི་ཆེད་ལས་ཀྱི་དགེ་སློབ་དབར་སྤེལ་རེས་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་བརྒྱུད། ཕྱར་བ་གྲུ་འདེགས་ཀྱིས་རང་རྒྱལ་གྱི་མཐོ་སློབ་ཁག་གི་བོད་ཀྱི་རི་མོའི་ཁྱད་ཆོས་ལྡན་པའི་ཆེད་ལས་དེ་འཛུགས་སྐྲུན་ཡག་པོ་བྱ་ཆེད་རྨང་གཞི་ཡག་པོ་བཞག་ཡོད།
     ད་ཐེངས་ཀྱི་བྱེད་སྒོ་ནི་བོད་ལྗོངས་སློབ་ཆེན་དང་། ནུབ་བྱང་མི་རིགས་སློབ་ཆེན་དང་། མཚོ་སྔོན་མི་རིགས་སློབ་ཆེན། བོད་རང་སྐྱོང་ལྗོངས་མཛེས་རྩལ་མཁས་ཅན་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་མཛེས་རྩལ་མཁས་ཅན་མཐུན་ཚོགས། ཀན་སུའུ་ཞིང་ཆེན་མཛེས་རྩལ་མཁས་ཅན་མཐུན་ཚོགས་བཅས་ཀྱིས་གཙོ་གཉེར་བྱས་པ་དང་བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གིས་གཉེར་འགན་འཁུར་བ་རེད།
【1】  【2】  【3】  【4】
༄༅༎སྐབས་བཞི་པའི་རྒྱལ་ཡོངས་མཐོ་སློབ་བོད་ཀྱི་རི་མོའི་སྒྱུ་རྩལ་བརྩམས་ཆོས་འགྲེམས་སྟོན་ལྷ་སར་སྤེལ་བ།