མི་དམངས་དྲ་བ།

༄༅༎《ཞི་ཅིན་ཕིང་གི་དབུལ་སྐྱོར་གཏམ་རྒྱུད》དངོས་སུ་དཔེ་སྐྲུན་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་30ཉིན། 09:26】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་28ཉིན་གློག་འཕྲིན་འབྱོར་གསལ། མི་དམངས་ཉིན་རེའི་ཚགས་པར་གྱི་ཕྱི་རྒྱལ་པར་ངོས་ཀྱིས་རྩོམ་འབྲི་བྱས་པའི《ཞི་ཅིན་ཕིང་གི་དབུལ་སྐྱོར་གཏམ་རྒྱུད》ཉེ་ཆར་ཚོང་དོན་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་བཀྲམ་པ་རེད།
     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ནས་དབུལ་སྒྲོལ་འགག་སྒྲོལ་དེ་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས། དགོངས་པ་གསར་པ་དང་ལྟ་བ་གསར་པ་རབ་དང་རིམ་པ་བཏོན་གནང་བ་མ་ཟད། ཐབས་ཇུས་གསར་པ་དང་བཀོད་སྒྲིག་གསར་པ་རབ་དང་རིམ་པ་བཏོན་ཏེ། ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་བྱ་གཞག་ལ་གྲུབ་འབྲས་ཆེན་པོ་ཐོབ་རྒྱུར་སྐུལ་འདེད་བཏང་གནང་བ་དང་འཛམ་གླིང་གི་དབུལ་པོ་ཉུང་གཏོང་གི་འཕེལ་རིམ་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། དེབ་དེ་དབུལ་སྐྱོར་གཏམ་རྒྱུད་ཀྱི་ལེའུ་67ལས་གྲུབ་པ་དང་། དུས་ཚོད་ཀྱི་གོ་རིམ་ལྟར། བློ་མཐུན་ཞི་ཅིན་ཕིང་སྔ་རྗེས་སུ་ཧྲའན་ཤིས་ཞིང་ཆེན་གྱི་ལེང་ཅ་ཧོ་དང་། ཧོ་པེ་ཀྲེང་ཏིང་། ཧྥུའུ་ཅན། ཀྲེ་ཅང་། ཧྲང་ཧའེ་བཅས་སུ་བཞུགས་པ་ནས་སྤྱི་ཁྱབ་ཧྲུའུ་ཅིའི་འགན་བཞེས་པའི་བར་ཐོག་མཐའ་བར་གསུམ་དུ་མི་དམངས་ཐུགས་ལ་བཅངས་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཐུགས་ཁུར་དང་། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་སྒྲོལ་འགག་སྒྲོལ་གནང་བའི་མི་སེམས་འགུལ་བའི་གཏམ་རྒྱུད་ཞིབ་ཕྲའི་ངང་བརྗོད་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་དབུལ་སྐྱོར་གསར་སྤེལ་ལ་ཚད་མཐོའི་མཐོང་ཆེན་དང་རྒྱུན་ཆད་མེད་པར་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་བཏང་བའི་ངོ་མཚར་རྣམ་པ་གསོན་ཉམས་དོད་པོས་བཀོད་ནས་བློ་མཐུན་ཞི་ཅིན་ཕིང་གིས“བདག་སེམས་རིང་དུ་སྤངས། དམངས་དོན་པང་དུ་ལེན་པའི”ལྷག་བསམ་བརྩེ་སེམས་མངོན་པར་བྱས་ཡོད།
     《ཞི་ཅིན་ཕིང་གི་དབུལ་སྐྱོར་གཏམ་རྒྱུད》དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེས་མི་རྣམས་ཀྱིས་གནད་སྨིན་དབུལ་སྐྱོར་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཐབ་ཇུས་བཀོད་སྒྲིག་ལ་སྔར་བས་གོ་བ་ལེན་པ་དང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་སྐུལ་ལྕག་དང་ལྕག་འདེབས་བྱེད་པ། གདེང་ཚོད་བརྟན་དུ་དང་ཞུམ་མེད་འབད་འཐབ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་ཆེད་འབད་འཐབ་བྱ་རྒྱུ་བཅས་ལ་ཕན་ཐོགས་ཡོད་པ་རེད།

  
style="display:none;"