འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་30ཉིན།

༄༅༎ཧྲན་ཤིས་ཅི་ཧྲན་དུ་ལྒང་བཞུ་བཟོ་བར་བྲེལ་ནས་རྒྱལ་སྟོན་དུས་ཆེན་ལ་བསུ་བ་ཞུ་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་30ཉིན། 09:25】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎ཧྲན་ཤིས་ཅི་ཧྲན་དུ་ལྒང་བཞུ་བཟོ་བར་བྲེལ་ནས་རྒྱལ་སྟོན་དུས་ཆེན་ལ་བསུ་བ་ཞུ་བ།
     རྒྱལ་སྟོན་དུས་ཆེན་འཆར་ལ་ཉེ་བའི་མཚམས་སུ་། ཅི་ཧྲན་རྫོང་དབྱང་ཀྲའོ་གྲོང་ཚོའི་ལྒང་བཞུའི་ཐོན་ལས་གླིང་ཁུལ་དུ་ལས་བཟོ་ཚོས་དམར་མདངས་བཀྲ་བའི་ལྒང་བཞུ་ཆེན་པོ་བཟོ་བར་བྲེལ་བཞིན་ཡོད་པ་དང་ཡུལ་མི་མ་ཁྲང་ཅང་གིས་ངོ་སྤྲོད་བྱས་པར་གཞིཌ་ན། ཁོང་ཁྱིམ་གྱི་ལྒང་བཞུ་བཟོ་གྲྭས་འདི་ལོ་ལྒང་བཞུ་དམར་པོ་ཆ་ཁྲི་30ལྷག་ཙམ་བཟོས་ནས་རྒྱལ་ཡོངས་ཀྱི་ས་གནས་གང་སར་ཕྱིར་ཚོང་བྱེད་པར་སྔོན་དཔག་ལྟར་ན། འབབ་འཕར་སྒོར་ཁྲི་30ལྷག་ཙམ་ཡོང་རྒྱུ་རེད། འདི་ནི་ཧྲན་ཤིས་ཞིང་ཆེན་ཡུན་ཁྲེང་གྲོང་ཁྱེར་ཅི་ཧྲན་རྫོང་དབྱང་ཀྲའོ་གྲོང་ཚོའི་ལྒང་བཞུའི་ཐོན་ལས་གླིང་ཁུལ་དུ་ལས་བཟོ་ཚོས་ལས་དུས་འཕར་མ་བྱས་ནས་ལྒང་བཞུ་བཟོས་ཏེ་རྒྱལ་སྟོན་དུས་ཆེན་ལ་བསུ་བ་ཞུས་པ།