འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་30ཉིན།

༄༅༎ཝང་དབྱིས་རྒྱལ་ཁབ་ཆེན་པོས་བཙན་ཤེད་ལ་བརྟེན་ནས་རྒྱལ་ཁབ་གཞན་གྱི་འཕེལ་རྒྱས་དབང་ཆ་འཕྲོག་མི་རུང་ཞེས་བརྗོད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་29ཉིན། 14:19】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་28ཉིན་རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་ཝང་དབྱིས“རིམས་ནད་བྱུང་རྗེས་ཀྱི་དུས་རབས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང”གི་ཚོམས་ཆེན་སྔོན་པོའི་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་གཏམ་བཤད་སྤེལ་བ་རེད།
     ཝང་དབྱིས། ཞི་བདེ་ལ་འཕྲད་པའི་འགྲན་སློང་དེ་ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་གསར་པར་བརྟེན་ནས་སེལ་དགོས་པ་དང་། འཕེལ་རྒྱས་ལ་འཕྲད་པའི་མཚལ་ཡིག་དེ་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་གསར་པ་བརྒྱུད་དེ་ཁ་གསབ་བྱེད་དགོས། ཞི་བདེ་དང་འཕེལ་རྒྱས་སྲུང་སྐྱོང་བྱེད་པའི་ཐད་རྒྱལ་ཁབ་ཆེན་པོས་དམིགས་བསལ་གྱི་འགན་འཁྲི་འཁུར་ཡོད། རྒྱལ་ཁབ་གཞན་པའི་བདེ་འཇགས་བློས་གཏོང་བར་བརྟེན་ནས་རྒྱལ་ཁབ་རང་གི་བདེ་འཇགས་འཚོལ་མི་རུང་བ་དང་། བཙན་ཤེད་ཀྱི་བྱ་སྤྱོད་ལ་བརྟེན་ནས་རྒྱལ་ཁབ་གཞན་པའི་འཕེལ་རྒྱས་ཀྱི་ཁེ་དབང་འཕྲོག་མི་རུང་། ཀྲུང་གོས་མུ་མཐུད་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཞི་བདེ་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་རྒྱུ་ཡིན། དུས་མཚུངས་སུ་རྒྱལ་ཁབ་ཁག་དང་མཉམ་དུ་རང་གི་རྒྱལ་ཁབ་དམིགས་སུ་བཀར་བའི་ཁུངས་མེད་ལོག་གཏམ་ལ་ཐུན་མོང་དུ་བཀག་འགོག་བྱ་རྒྱུ་དང་། གཅིག་རྒྱལ་གཅིག་ཕམ་གྱི་ལོག་ལམ་ལ་ཐུན་མོང་ཐོག་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་བརྗོད།
     ཝང་དབྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཐོག་མིང་རྟགས་བཀོད་པའི་རྒྱལ་ཁབ་དང་པོ་ཡིན་པའི་ངོས་ནས་ཀྲུང་གོས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལས་ཕན་པ་ཐོབ་ཡོད་ཅིང་། ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་སྲུང་སྐྱོང་བྱེད་ཆེད་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད། ཀྲུང་གོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་ནང་ཞུགས་མཁན་གལ་ཆེན་ཞིག་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ཀྱི་མ་དངུལ་གཏོང་མཁན་རྒྱལ་ཁབ་ཆེ་གྲས་གཉིས་པ་དང་དམག་གཏོང་རྒྱལ་ཁབ་གལ་ཆེན་ཞིག་རེད། ལོ་30ལྷག་ཙམ་རིང་ཀྲུང་གོས་རིམ་རྩིས་བྱས་ན་ཞི་བདེ་སྲུང་སྐྱོང་མི་སྣ་མི་ཐེངས་ཁྲི་4ལྷག་ཙམ་བཏང་ཡོད། ཀྲུང་གོས་ད་དུང་རྒྱལ་སྤྱིའི་གླེང་མང་བའི་གནད་དོན་སྣ་ཚོགས་ཆབ་སྲིད་ཐོག་ནས་ཐག་གཅོད་དང་འདུམ་འགྲིག་བྱ་རྒྱུར་དགེ་མཚན་ལྡན་པའི་ངང་ཧུར་ཐག་གིས་ཞུགས་པ་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་སོགས་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཁ་གཏད་གཅོག་རིང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཡོད་ཅེས་ནན་བཤད་བྱས་པ་རེད།