འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་29ཉིན།

༄༅༎སྤུས་ལེགས་འབྲུ་རིགས་འདུ་འགོད་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་815ལྷག་ཙམ་བཏང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་29ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ནས་ཤེས་རྟོགས་བྱུང་བར། 2017ལོར་སྤུས་ལེགས་འབྲུ་རིགས་འདུ་འགོད་ལག་བསྟར་བྱེད་འགོ་ཚུགས་ཚུན། རིམ་རྩིས་བྱས་ན་ཁྱོན་མ་དངུལ་སྒོར་དུང་ཕྱུར་815ལྷག་ཙམ་བཏང་བ་དེའི་ནང་ཀྲུང་དབྱང་ནོར་སྲིད་ཀྱི་མ་དངུལ་སྒོར་དུང་ཕྱུར་215ཟིན་ནས་ས་གནས་དང་སྤྱི་ཚོགས་ཀྱིས་མ་དངུལ་སྒོར་དུང་ཕྱུར་600ལྷག་ཙམ་གཏོང་རྒྱུར་སྐུལ་ཁྲིད་བྱས་ཤིང་། རིམ་རྩིས་བྱས་ན་འབྲུ་རིགས་ཐོན་སྐྱེད་རྗེས་ཀྱི་ཞབས་ཞུ་ལྟེ་གནས་4000ལྷག་ཙམ་བསྐྲུན་པ་དང་། འབྲུ་རིགས་སྤུས་ཚད་ཞིབ་བཤེར་སྒྲིག་གཞི་1500ལྷག་ཙམ་གསར་སྐྲུན་དང་སྒྱུར་བཀོད་རིམ་སྤོར་བྱས་པ། ཞིང་ཆེན་ཁག་གིས་འབྲུ་སྣུམ་དཔེ་སྟོན་རྫོང་389ལ་རོགས་སྐྱོར་བྱ་རྒྱུར་འཆར་འགོད་ཡག་པོ་བྱས་ཡོད། རྐང་འཛིན་ཁེ་ལས་ཁག་གཅིག་སྟོབས་ཆེར་དང་ལེགས་སུ་བཏང་ནས་ཆུ་ཚད་དེ་བས་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་རྨང་གཞི་བཟང་པོ་བཏིང་ཡོད།
     ངོ་སྤྲོད་བྱས་པར་གཞིགས་ན། 2017ལོར་དེ་སྔའི་རྒྱལ་ཁབ་འབྲུ་རིགས་ཅུས་ཀྱིས་ནོར་སྲིད་པུའུ་དང་མཉམ་དུ་བརྡ་ཐོ་བཀྲམ་ནས་སྤུས་ལེགས་འབྲུ་རིགས་འདུ་འགོད་སྤེལ་འགོ་ཚུགས་པ་དང་ས་གནས་ས་ཐོག་གི་ཉམས་མྱོང་སྤེལ་རེས་ཚོགས་འདུ་འཚོགས་ཏེ་འབྲུ་རིགས་ཐོན་ལས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་བཏང་ཡོད། དེ་དང་ཆབས་ཅིག་སྤུས་ལེགས་འབྲུ་རིགས་འདུ་འགོད་དེ་འབྲུ་རིགས་ཐོན་ལས་དཔལ་འབྱོར་འཕེལ་རྒྱས་ཀྱི“གཞི་རྟེན་ཆེན་པོ་བཞིའི”གྲས་སུ་བརྩིས་ཡོད་པ་རེད།