འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་29ཉིན།

༄༅༎མཚོ་སྔོན་གྱི་རྨ་ལྷོ་ས་ཆར། “མཛུབ་རྩེའི”རིག་ལྡན་ཏང་འཛུགས་སྐྱོང་ལས་གཞི་རིམ་བཅོས་སྐྱོང་ཞིབ་ཕྲ་ཅན་དུ་བསྒྱུར་བར་སྐུལ་མ་ཐེབས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་29ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་དྲ་བ་མཚོ་སྔོན་ནས་ཟླ་9ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། “མི་རིགས་མཐུན་སྒྲིལ་གྱི་ཏང་དར་དམར”ཞེས་པའི་དྲ་བའི་བརྗོད་དོན་གཙོ་བོའི་བྱེད་སྒོའི་སྨྱན་སྦྱོར་ཚོགས་པ་དང་བཅས་པ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རེབ་གོང་གྲོང་ཁྱེར་དུ་བསྐྱོད་ནས་གཞི་རིམ་ཏང་འཛུགས་སྐྱོང་ལས་གྲོང་གསེབ་བཅོས་སྐྱོང་ལ་སྣེ་ཁྲིད་བྱས་ཚུལ་སྐོར་བཅར་འདྲི་བྱས་པ་རེད།
     མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རེབ་གོང་གྲོང་ཁྱེར་ཆུ་ཁོག་ཤང་ནི་རེབ་གོང་གྲོང་ཁྱེར་གྱི་ལྷོ་རྒྱུད་དུ་གནས་པ་དང་ཤང་ཡོངས་ལ་དུད་ཚང་1711དང་། མི་གྲངས་8134 སྲིད་འཛིན་གྲོང་ཚོ་8 ཏང་ཀྲི་པུའུ་9 ཏང་ཡོན་311བཅས་ཡོད། དེ་གོང“དོ་དམ་གོ་རིམ་མེད་པའི”དཀའ་གནད་སེལ་ཆེད། ཆུ་ཁོག་ཤང་གིས་སྲིད་འཛིན་གྲོང་ཚོ་8ལ་ཏང་འཛུགས་སྐྱོང་གི་ཁྲིད་སྟོན་པ་སོ་སོར་མངགས་པ་དང་རྩ་འཛུགས་ཨུ་ཡོན་གྱི་ཆེད་འགན་ཅན་གྱི་དོ་དམ་ལག་བསྟར་བྱས་ཤིང་། “ལས་བྱེད་པའི་འགྲོ་སའི་ཤེས་རྟོགས་བྱང་བུ”བཟོས་ནས་ལས་བྱེད་པའི་ལས་གནས་འགན་འཁྲི་གསལ་བཟོ་དང་རྒྱུན་གཏན་གྱི་དོ་དམ་ལས་དོན་ཚད་ལྡན་དུ་བཏང་བ་རེད།
     གཞི་རིམ་ཏང་འཛུགས་སྐྱོང་གི་ལས་དོན་ཞིབ་ཕྲ་ཅན་དུ་འགྱུར་བར་སྐུལ་མ་གཏོང་ཆེད། ཉེ་བའི་ལོ་ཤས་རིང་། རྨ་ལྷོ་ཀྲོའུ་ཡིས་ཆ་འཕྲིན་ཅན་དུས་རབས་ཀྱི་བླང་བྱ་དང་ཧུར་ཐག་ངང་འཚམ་པར་བྱས་པ་དང་། འདི་ལོའི་ཟླ་6ཚེས་8ཉིན“རྨ་ལྷོའི་གདོང་ལེན”རིག་ལྡན་ཏང་འཛུགས་སྐྱོང་གི་སྤྲིན་ཚོམ་ལས་སྟེགས་དངོས་སུ་བཏོན་པ་དང་། ལས་སྟེགས་སུ་སྤྲིན་ཚོམ་རྩིས་རྒྱག་དང་། གྲངས་གཞི་ཆེ་མོ། མིས་བཟོས་རིག་ནུས་སོགས་སྔོན་ཐོན་ལག་རྩལ་གཞི་གཅིག་ཏུ་བསྡུས་ཤིང་། རྨ་ལྷོ་ཀྲོའུ་དེ་ཡོངས་ཀྱི་ཏང་རྩ་འཛུགས་812དང་ཏང་ཡོན་16429ལྷག་ཙམ་ལས་སྟེགས་དོ་དམ་ནང་བཅུག་ཡོད།
     གསར་འགོད་པས་ཤེས་རྟོགས་བྱས་པ་ལྟར་ན། རིག་ལྡན་ཏང་འཛུགས་སྐྱོང་གི་སྤྲིན་ཚོམ་ལས་སྟེགས་ཐད་ཏང་ཡོན་དང་རྩ་འཛུགས་ཀྱི་ཆ་འཕྲིན་མཛོད་དང་། ཏང་འཛུགས་སྐྱོང་གི་གནས་ཚུལ། སློབ་སྦྱོང་ནང་དོན་མཛོད། ཏང་ཡོན་དང་རྩ་འཛུགས་ཀྱི་བྱ་སྤྱོད་གྲངས་གཞིའི་མཛོད་བཅས“མཛོད་གསུམ” དང་དེ་བཞིན་ཏང་དོན་དོ་དམ་དང་། ཏང་འཛུགས་སྐྱོང་གི་དྲིལ་བསྒྲགས། སློབ་སྦྱོང་སློབ་གསོ། ཕན་ཚུན་སྤེལ་རེས། ཏང་དང་མང་ཚོགས་ཀྱི་ཞབས་ཞུ་བཅས་ཀྱི“ནུས་པ་ཆེ་གྲས་ལྔའི་ལྟེ་གནས”ཀྱི་སྒྲོམ་གཞི་ཚུད་ཡོད། ཀྲོའུ་ཡོངས་ཀྱི་ཏང་དོན་ལས་དོན་པས་ཡུལ་དུས་ངེས་མེད་ཐོག་ཡིག་ཆ་དང་དཔྱད་ཡིག་བརྒྱུད་སྐྱེལ་དང་། ལས་ཀའི་འཕེལ་རིམ་ལྟ་བཤེར། མྱུར་དུ་ལས་ཀ་བཀོད་འདོམས་བཅས་བྱེད་ཐུབ་ཀྱི་ཡོད་པར་བརྟེན། “བརྙན་ཡོལ་མདུན་གྱི་ཏང་འཛུགས་སྐྱོང”དང“མཛུབ་རྩེའི་ཏང་འཛུགས་སྐྱོང”མཉམ་འདྲེས་ཀྱི་ཏང་འཛུགས་སྐྱོང་གི་རྣམ་པ་གསར་པ་གྲུབ་ནས་གཞི་རིམ་ཏང་འཛུགས་སྐྱོང་གི་ལས་ཀའི་ཆུ་ཚད་མཐོ་རུ་གཏོང་བར་རམ་འདེགས་ཐུབ་ཡོད།
     གཞི་རིམ་ཏང་འཛུགས་སྐྱོང་གི་ཆུ་ཚད་མཐོ་རུ་སོང་ཁར་ལས་བྱེད་པ་དང་མང་ཚོགས་ཀྱི་འབྲེལ་བ་སྔར་བས་ཟབ་ཏུ་སོང་ཡོད། ཉེ་བའི་ལོ་ཤས་རིང་། ཆུ་ཁོག་ཤང་གིས“ཀྲི་པུའུ་དྲ་འཛུལ། ཏང་ཡོན་དུད་སྦྲེལ”གྱི་བྱེད་སྟངས་ལ་སྐུལ་འདེད་གཏོང་རྒྱུར་འཚོལ་ཞིབ་བྱས་ཏེ་ཤང་ཡོངས་ཤང་དང་། གྲོང་ཚོ། ཧྲེ་བཅས་རིམ་3དྲ་མིག་8དུ་དབྱེ་བ་དང་། ཏང་ཡོན་མངགས་ནས་དྲ་མིག་འགོ་དཔོན་བྱས་ཏེ་ཏང་ཡོན་གྱིས་མང་ཚོགས་ལ་ཞབས་འདེགས་ཞུ་ཚད་སྔར་བས་ཞིབ་ཚགས་སུ་གྱུར་ཞིང་། ཁོངས་གཏོགས་གྲོང་ཚོ་དང་ཧྲེའི་བཀོད་པར་ཡང་འགྱུར་ལྡོག་ཆེན་པོ་བྱུང་ཡོད།