འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་29ཉིན།

༄༅༎ཀྲུང་གོས་ཝུའུ་ཀན་ཏ་ལ་རིམས་འགོག་དངོས་ཟོག་ཁག་གསུམ་པ་ཞལ་འདེབས་བརྒྱབ་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་29ཉིན། 09:54】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁམ་ཕ་ལ་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ཀྲུང་གོས་ཝུའུ་ཀན་ཏ་ལ་ཞལ་འདེབས་བརྒྱབ་པའི་རིམས་འགོག་དངོས་ཟོག་ཁག་གསུམ་པ་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་ཝུའུ་ཀན་ཏའི་འཕྲོད་བསྟེན་པུའུ་རུ་འཚོགས་པ་རེད།
     ཐེངས་འདིའི་ཞལ་འདེབས་བརྒྱབ་པའི་དངོས་ཟོག་ནང་དབུགས་འབྱིན་རྔུབ་འཕྲུལ་འཁོར་དང་ཉིང་སྐྱུར་བརྟག་དཔྱད་སྨན་རྫས་སྒམ་སོགས་ཚུད་ཡོད། ཝུའུ་ཀན་ཏ་རུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲེང་ཀྲུའུ་ཆང་གིས་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོའི་ཐོག དངོས་ཟོག་རྣམས་ཝུའུ་ཀན་ཏའི་འཕྲོད་བསྟེན་པུའི་པུའུ་ཀྲང་ཅན·ཨ་ཙེན་ལ་རྩིས་སྤྲད་པ་རེད།