འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་26ཉིན།

༄༅༎“མེས་རྒྱལ་ལ་སྨོན་འདུན་ཞུ་བའི”མེ་ཏོག་སི་ར་ཆེན་པོ་གནམ་བདེ་སྒོ་མོའི་ཐང་ཆེན་དུ་བསྒྲིགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་26ཉིན། 09:18】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎“མེས་རྒྱལ་ལ་སྨོན་འདུན་ཞུ་བའི”མེ་ཏོག་སི་ར་ཆེན་པོ་གནམ་བདེ་སྒོ་མོའི་ཐང་ཆེན་དུ་བསྒྲིགས་པ།
     ཟླ་9ཚེས་24ཉིན། “མེས་རྒྱལ་ལ་སྨོན་འདུན་ཞུ་བའི”མེ་ཏོག་སི་ར་ཆེན་པོའི་གཙོ་གཟུགས་ལེགས་གྲུབ་ཟིན་ནས་གནམ་བདེ་སྒོ་མོའི་ཐང་ཆེན་དུ་བསྒྲིགས་པ་དང་། མེ་ཏོག་སི་ར་ཆེན་པོའི་མཐོ་ཚད་ལ་སྨི་18ཡོད་པ་དང་སི་རའི་ནང་རྒྱལ་ཡོངས་ཀྱི་ས་ཁུལ་ཁག་གི་མཚོན་བྱེད་རང་བཞིན་གྱི་མེ་ཏོག་དང་བཀྲ་ཤིས་པ་མཚོན་པའི་ཤིང་འབྲས་ཡོད་ལ། མེ་ཏོག་སྟེགས་བུའི་མཐིལ་དུ་མེ་ཏོག་སོས་པ་ལས་གྲུབ་པའི་སྙིང་གཟུགས་ཅན་10ཡོད་པ་དང་། མེ་ཏོག་སི་ར་ཆེན་པོ་དེ་ཚེས་25ཉིན་ལེགས་གྲུབ་ཐུབ་རྒྱུ་རེད། འདི་ནི་གནམ་བདེ་སྒོ་མོའི་ཐང་ཆེན་དུ་ཡུལ་སྐོར་བས“མེས་རྒྱལ་ལ་སྨོན་འདུན་ཞུ་བའི”མེ་ཏོག་སི་ར་ཆེན་པོར་ལྟ་བཞིན་པ།