འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་26ཉིན།

༄༅༎མཚོ་སྔོན་དྲག་ཆས་ཉེན་རྟོག་པས་དངོས་འཐབ་སྦྱོང་བརྡར་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་26ཉིན། 09:15】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎མཚོ་སྔོན་དྲག་ཆས་ཉེན་རྟོག་པས་དངོས་འཐབ་སྦྱོང་བརྡར་བྱས་པ།
     ཟླ་9ཚེས་24ཉིན། དྲག་ཆས་ཉེན་རྟོག་མཚོ་སྔོན་ཞིང་ཆེན་སྤྱི་ཁྱབ་རུ་ཁག་ལས་སྒྲུབ་ཉིང་ལག་རུ་ཁག་གིས། དམིགས་བསལ་དམག་འཐབ་རུ་མིར་ས་བབ་མཐོ་ཚད་སྨི་4500ཟིན་པའི་ཁུ་ནུ་རི་བོའི་དབུས་སུ་དུས་ཚིགས་གསུམ་པའི“སྦྱོང་བརྡར་ཆེ་མོའི་གཟའ་འཁོར”གྱི་མཐར་ཟད་སྦྱོང་བརྡར་སྤྲས་པ་དང་། དངོས་འཐབ་ཀྱི་རྒྱབ་ལྗོངས་ལྟར་གྲུབ་པའི་ཆ་རྐྱེན་དང་དམག་རྒྱག་གི་ཚད་གཞི་གཞིར་བཟུང་སྦྱོང་བརྡར་སྤྲས་ཏེ་ཁ་བ་བུ་ཡུག་ལ་མ་འཛེམས་པར་ས་བབ་མཐོ་བའི་ས་ཁོངས་སུ་ལས་འགན་སྣ་ཚོགས་སྒྲུབ་པའི་དམིགས་བསལ་དམག་འཐབ་རུ་མིའི་འཇོན་ཐང་ཆེ་རུ་བཏང་ཡོད། འདི་ནི་དམིགས་བསལ་དམག་འཐབ་རུ་མིས་འཐབ་རྩལ་སྦྱོང་བརྡར་བྱེད་བཞིན་པ།