འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་24ཉིན།

༄༅༎ཡུན་ནན་ཁྲུའུ་ཞུང་གིས་དབྱིས་རིགས་ཀྱི་ཕར་ཆིན་འཕེལ་རྒྱས་བཏང་ནས་རིག་གནས་རྒྱུན་འཛིན་དང་ཡོང་འབབ་མང་དུ་བཏང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་24ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཐོན་ལས་ཅན། རི་གྲོང་གི་ལག་ཤེས་ཕར་ཆིན་སྤུས་རྟགས་སུ་གྱུར་པ།
     སྲོལ་རྒྱུན་དང་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་ལག་རྩལ་དབྱིས་རིགས་ཀྱི་ཕར་ཆིན་ལ“མཛུབ་རྩེའི་སྒྱུ་རྩལ་དང་སེམས་ཀྱི་མེ་ཏོག”ཅེས་འབོད་ཀྱི་ཡོད། ཁྲུའུ་ཞུང་དབྱིས་རིགས་རང་སྐྱོང་ཀྲོའུ་རུ་ལག་རྩལ་དེ་གྲོང་ཚོ་ཆུང་ཆུང་ཞིག་ནས་རྒྱལ་སྤྱིའི་དར་སྲོལ་གྱི་སྟེགས་བུའི་ཐོག་འགྲེམས་སྟོན་བྱས་ནས། ཕར་ཆིན་རྒྱག་མཁན་གྱི་བུ་མོ་ཁྲི་7ལ་ཕན་པ་བསྐྲུན་ཡོད། ཐོན་ཚད་ཀྱང་2013ལོའི་སྒོར་ཁྲི་ཉིས་སྟོང་སུམ་སྟོང་ནས་ན་ནིང་གི་སྒོར་དུང་ཕྱུར་གཉིས་བར་མང་དུ་ཕྱིན་ཏེ། ཡུན་ནན་གྱི་རིག་གནས་མིང་བྱང་གསར་པ་ཞིག་ཏུ་གྱུར་ཡོད།
     དབྱིས་རིགས་ཕར་ཆིན་གྱི་འབྱུང་ཁུངས་སྐོར་གླེང་སྐབས་ཀྲེ་ཅུའུ་གྲོང་ཚོ་མི་གླེང་ན་འགྲིག་ཐབས་མེད། ཞིང་ཁ་ནི་གར་སྟེགས་དང་། རི་བོ་ནི་ལྟ་སྟེགས། གནམ་སྔོན་པོས་རྒྱབ་ལྗོངས་བཅས་བྱས་ནས་གྱོན་ཆས་འགྲེམས་སྟོན་བྱས་ཏེ་ལོ་མང་པོ་སོང་ཡོད། ཀྲེ་ཅུའུ་གྲོང་ཚོར་དར་བའི་གྱོན་ཆས་འགྲེམས་སྟོན་དུས་ཆེན་ལ་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པ་དང་། རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་ནས་དབྱིས་རིགས་ཀྱི་ཕར་ཆིན་མི་དེ་བས་མང་པོའི་མིག་ལམ་དུ་བཤམས་ཡོད།
     དབྱིས་རིགས་གྱོན་ཆས་ཕར་ཆིན་གྱི་ཚོས་གཞི་ཧར་བ་སྟེ། དམར་པོ་དང་ལྗང་ཁུ་མཉམ་དུ་བསྲེས་པ་དང་དེའི་ཐོག་གི་རི་མོ་མང་ཆེ་བ་རང་བྱུང་ཁམས་ཆེ་མོ་དང་འཚོ་བའི་ནང་དོན་སྤྱད་ཀྱི་ཡོད་པས། ཡིག་རྨོངས་ཀྱི་ཕར་ཆིན་རྒྱག་མཁན་བུ་མོ་མང་པོ་ཞིག་གིས་ཕར་ཆིན་རྩེ་གྲ་རྒྱག་གི་ཡོད། “དབྱིས་རིགས་ཕར་ཆིན་ནི་དབྱིས་རིགས་བའི་རིག་གནས་ཀྱི་དྲན་ཤེས་ཤིག་རེད། དབྱིས་རིགས་ལ་རིགས་མང་པོ་ཡོད་མོད། འོན་ཀྱང་ཕར་ཆིན་རྒྱུས་མངའ་ཡོད་མཁན་གྱིས་གྱོན་ཆས་ཐོག་ནས་མི་དེ་དབྱིས་རིགས་གང་ཡིན་མིན་ཤེས་ཐུབ”ཅེས་ལི་རུའུ་ཤིའུ་ཡིས་བཤད།
     ཡུན་རེན་རྫོང་རིག་གནས་ཁང་དུ་ལས་ཀ་བྱེད་མཁན་ལི་རུའུ་ཤིའུ་ཡང་ཀྲེ་ཅུའུ་གྲོང་ཚོ་ནས་རེད། ཁོང་གིས་ལོ་13ནས་རིག་གནས་དྲིལ་བསྒྲགས་རུ་ཁག་གི་ལས་ཀ་བྱས་པ་དང་། ལོ་16ནས་དབྱིས་རིགས་ཀྱི་ཕར་ཆིན་ཐོན་རྫས་དང་པོ་དེ་ཉར་ཚགས་བྱེད་འགོ་ཚུགས། ད་ཆ་ལོ་58ལ་སླེབས་རུང་དབྱིས་རིགས་ཀྱི་ཕར་ཆིན་སྣ་ཚོགས་ཉར་ཚགས་བྱ་རྒྱུར་དགའ་པོ་ཡོད། 1988ལོར། ལི་རུའུ་ཤིའུ་ཡིས་རྫོང་གྲོང་དུ་དབྱིས་རིགས་ཀྱི་ཕར་ཆིན་ཐོན་རྫས་ཚོང་ཁང་བཙུགས། སྐབས་དེ་དུས་འགྲན་བསྡུར་དང་སྐོང་འཁྲབ་ཀྱི་གྱོན་ཆས་སྣ་ཚོགས་ཕུད། དབྱིས་རིགས་ཀྱི་ཕར་ཆིན་བྲིན་ཁ་རྒྱུག་པོ་མེད།
     ཅིན་ཡུང་ཧྲུའུ་ཡིས་ཀྱང་རི་གྲོང་ནས་ཐོན་ཏེ་རང་ཉིད་ཀྱི་ཁྲོམ་ར་བཏོད། དོན་དངོས་ཐོག་དེ་ཡང་ཉེ་བའི་ལོ་ལྔ་དྲུག་གི་བྱ་བ་ཞིག་རེད། གྲོང་ཁྱེར་ཆེ་མོར་རྒྱུན་དུ་བསྐྱོད་པས་ཁོང་གི་ལས་སྒོ་གཉེར་ཚད་མང་དུ་སོང་བ་མ་ཟད། རི་གྲོང་གི་ལག་ཤེས་ཕར་ཆིན་ལ་རང་ཉིད་ཀྱི་ཁྱད་ཆོས་ལྡན་པ་དང་། དཀོན་པ། མི་རྣམས་ཀྱི་ཡིད་དབང་འཕྲོག་པ། རྫོགས་མཐའ་མེད་པའི་གསར་གཏོད་ཀྱི་འབྱུང་ཁུངས་བཅས་ལྡན་ཡོད་པའི་ངོས་འཛིན་ཡང་ཐུབ། “ཁྱད་ལྡན་ལག་ཤེས་དང་གསར་གཏོད་ཟུང་འབྲེལ་བྱ་རྒྱུ་ནི་དབྱིས་རིགས་ཕར་ཆིན་གྱི་འགྲན་ཤུགས་ཤིག་རེད”ཅེས་ཅིན་ཡུང་ཧྲུའུ་ཡིས་བཤད།
     ཕྱིར་བསྐྱོད་པ། སྲོལ་རྒྱུན་ལག་རྩལ་རྒྱལ་སྤྱིའི་གར་སྟེགས་ཆེ་མོར་བཏོན་པ།
     ན་ནིང་ཟླ་9པར། ཁྲུའུ་ཞུང་དབྱིས་རིགས་ཕར་ཆིན་གྱིས“འོད་སྟོང་གི་དུས”བསུས། ཉིའུ་གཡོད་ཀྱི་དར་བཟོ་ཆེ་བའི་གྱོན་ཆས་གཟའ་འཁོར་2020ལོའི་དཔྱིད་དབྱར་གྱི་མཇུག་བསྡུའི་འགྲེམས་སྟོན་ཆེ་མོར“TaorayTaorayX ཁྲུའུ་ཞུང་དབྱིས་རིགས་ཕར་ཆིན”ཐོན། “དར་གོས་གྱོན་ཆས”ཀྱི་རོལ་དབྱངས་དང་བསྟུན་ནས། “འཇིན་གོས་ཐུང་དང་དབྱིས་རིགས་ཀྱི་ཕར་ཆིན་ཟུང་དུ་འབྲེལ་བའི”དར་སོའི་གྱོན་ཆས་ཁག་40སྟོན་ཏེ། “མི་རིགས་ཀྱི་གྱོན་ཆས”འཛམ་གླིང་དར་སོའི་ལྟེ་གནས་སུ་འགྲེམས་སྟོན་བྱས། ཇུས་འགོད་དེ་ཁྲུའུ་ཞུང་ཀྲོའུ་དང་ཧྲང་ཧའེ་ཤར་ཕྱོགས་རྒྱལ་སྤྱིའི་ཚོགས་པས་མཉམ་དུ་བཏོན་པ་ཞིག་རེད། གནས་ཚུལ་དེ་སེམས་ལ་འཁོར་རིམ་བཞིན་ཀྲོའུ་རིག་གནས་ཐོན་རྫས་གཞུང་ལས་ཁང་གི་ཀྲུའུ་རེན་ཀྲོའུ་པིང་གིས་སེམས་འགུལ་ཐེབས་བཞིན་དུ“རྨི་ལམ་བཏང་བ་དང་འདྲ་བར་དེས་ཁྲུང་ཞུང་དབྱིས་རིགས་ཕར་ཆིན་སྤུས་རྟགས་ལ་སྒུལ་ཤུགས་ཆེན་པོ་ཞིག་བསྣན་ཡོད”ཅེས་བཤད།
     དབྱིས་རིགས་ཕར་ཆིན་སྤུས་རྟགས་ཕྱིར་བསྐྱོད་པ་དེ་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད། ཁེ་ལས་ཕྱིར་སྐྱོད་ནས་དཀའ་ཚེགས་ཆེ་བའི་འཚོལ་ཞིབ་བྱས་རྗེས་འཕོ་འགྱུར་ཆེན་པོ་བྱུང་བ་ཞིག་རེད། ཏ་ཡའོ་རྫོང་གི“ན་སུའུ”སྤུས་རྟགས་གཏོད་མཁན་ཧྥན་ཀྲི་ཡུང་ནི་བརྒྱད་ཅུའི་ནང་སྐྱེས་པ་དང་ལས་གཏོད་བྱས་ནས་ལོ་13སོང་ཡོད། ཁོང་གི་ཀུང་སིས་ཕར་ཆིན་རྒྱག་མཁན་བུད་མེད་300ལྷག་གི་སྣེ་ཁྲིད་དེ་ཐོན་རྫས་རྒྱལ་སྤྱིའི་ཁྲོམ་རར་སྟོན།
     དབུལ་སྒྲོལ་གྱི་ཁྱད་ལྡན་ཐོན་རྫས་འཕེལ་རྒྱས་བཏང་བ།
     གྲོང་ཚོ་ཆུང་ཆུང་ནས་ཁྲོམ་ར་ཆེ་མོའི་བར། དབྱིས་རིགས་ཀྱི་ཕར་ཆིན་རྒྱག་མཁན་བུ་མོ་ཁྲི་7ཡོད་པ་དང་། ཁོང་ཚོའི་མཛུབ་རྩེ་ལས་ཐོན་པ་ནི་རྒྱུན་གཏན་གྱི་འཚོ་བའི་མཁོ་ཆས་རེད།
     ཡུང་རེན་རྫོང་ནས་ལི་ཅི་ཡན་མཐོང་སྐབས། ཁོང་གིས་བྲིན་འཚོང་ཐབས་ལམ་ཆེ་རུ་གཏོང་རྒྱུའི་ཐད་བསམ་བློ་གཏོང་བཞིན་འདུག ལན་ཁྲེ་ཤང་དབྱིས་རིགས་ཀྱི་ཕར་ཆིན་མཐུན་ཚོགས་ཀྱི་ཚོགས་གཙོ་ཡིན་པའི་ལི་ཅི་ཡན་གྱིས་ལོ་5ནས་ཕར་ཆིན་རྒྱག་སྟངས་སྦྱངས་ཏེ་1999ལོར་ལས་གཏོད་ལམ་བུར་བསྐྱོད། ལས་སྒོ་གཉེར་ཚད་2015ལོའི་སྒོར་ཁྲི་20ནས་ན་ནིང་གི་སྒོར་ཁྲི་800ལྷག་ཙམ་བར་མང་དུ་སོང་ཡོད། ལི་ཅི་ཡན་གྱིས་དགེ་ཕྲུག་20ལྷག་བསྡུས་པ་དང་ལན་ཁྲེ་ཤང་ཕར་ཆིན་མཐུན་ཚོགས་ཀྱིས་སྔ་རྗེས་སུ་མི་700ལྷག་ཕྱུག་འགྱུར་ལམ་བུར་སྣེ་ཁྲིད་བྱས་ཡོད། “ཞིང་ནང་མུ་ཁ་དང་ངལ་རྩོལ་བར་གསེང་དུ་ཕར་ཆིན་རྒྱག་པ་དང་། སྒལ་པར་ཕྲུ་གུ་འཁྱེར་ནས་ཕར་ཆིན་བརྒྱབ་སྟེ་ནང་མི་གསོ་གི་ཡོད། ཁོང་ཚོར་ལོ་གཅིག་ནང་མི་རེར་འབབ་འཕར་སྒོར་སྟོང་ཕྲག་ཁ་ཤས་ནས་སྒོར་ཁྲི་ཁ་ཤས་བར་ཡོང་གི་ཡོད”ཅེས་ལི་ཅིན་ཡན་གྱིས་བཤད།
     ཁྲུའུ་ཞུང་དུ་རྫོང་མང་པོ་ཞིག་གིས་གསོ་སྦྱོང་ལ་དམ་འཛིན་དང་། མཐུན་ཚོགས་འཛུགས་པ། སྣེ་འདྲེན་ཁེ་ལས་སྐྱེད་སྲིང་། ཕྱིར་བསྐྱོད་ནས་འགྲེམས་ཚོང་བཅས་བྱས་ཏེ་དབྱིས་རིགས་ཕར་ཆིན་འཕེལ་རྒྱས་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱེད་ཀྱི་ཡོད། ཏ་ཡའོ་རྫོང་གིས་ལོ་ལྟར་སྒོར་ཁྲི་10བཏང་ནས་དབྱིས་རིགས་ཀྱི་ཕར་ཆིན་ལ་རྒྱབ་སྐྱོར་བྱས་ནས། ཉེ་བའི་ལོ་3ནང་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་མི་ཐེངས་6000ལྷག་ཡོད་པའི་གསོ་སྦྱོང་དུས་ཐེངས་50ལྷག་བྱས་ཡོད། ཏ་ཡའོ་ཕར་ཆིན“མཐུན་ཚོགས(མཉམ་ལས་ཁང)དང་ཚོགས་མི”ཟུང་དུ་འབྲེལ་བའི་སྒྲིག་འཛུགས་ཅན་གྱི་ལམ་བུར་བསྐྱོད་པ་དང་མཐུན་ཚོགས་དང་མཉམ་ལས་ཁང“ཟམ་པ་གཅིག་དང་། སློབ་གྲྭ་གཅིག ཁྱིམ་ཚང་གཅིག”བཅས་སུ་གྱུར་ཡོད། ཏ་ཡའོ་རྫོང་གིས་ད་དུང་ལས་ཞུགས་བྱེད་མཁན་རྫོང་གྲོང་དང་ཀྲོའུ་ཡིས་བསྐྲུན་པའི་འགྲེམས་ཚོང་པུའུ་དང་ལས་དོན་ཁང་དུ་ཡོང་རྒྱུར་རོགས་སྐྱོར་བྱས་ཏེ། “སྨི་དབྱི་ལུའུ”དབྱིས་རིགས་ཕར་ཆིན་ལ་རྒྱལ་ཁབ་སྣོད་བཅུད་ཐོག་མའི་ཐོན་ཡུལ་གྱི་ཐོན་རྫས་སྲུང་སྐྱོང་དཔྱད་བསྡུར་གཏན་འབེབས་བྱུང་བ་རེད།
     ལི་མིང་ཧྥུང་གིས་2018ལོ་ནས་བཟུང་། ཡུང་རེན་རྫོང་གིས་ཧྲང་ཧའེ་གྲོང་ཁྱེར་ཅ་ཏིང་ཆུས་དང་རིག་གནས་ཐོན་ལས་མཉམ་ལས་བྱས་ཏེ། སྲིད་ཇུས་དང་། མ་དངུལ། ལག་རྩལ། ཤེས་ལྡན་མི་སྣ། གསར་གཏོད་ཀྱི་ལས་སྟེགས་ལེགས་ཆ་བཅས་ལ་བརྟེན་ནས། དབྱིས་རིགས་ཕར་ཆིན་རྒྱུན་འཛིན་དང་གསར་གཏོད་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་ཡོད། 2018ལོར། ཧྲང་ཧའེ་བཟོ་རྩལ་མཛེས་རིག་བཟོ་ལས་སློབ་གླིང་དང་གན་རྒྱ་བཞག་ནས། མི་རིགས་རིག་གནས་རྒྱུན་འཛིན་དང་། ཐོན་ལས་གསར་གཏོད། ཤེས་ལྡན་མི་སྣ་སྐྱེད་སྲིང་། རིག་གནས་བྱེད་སྒོ་སོགས་ཀྱི་ཐད་མཉམ་ལས་རྒྱ་ཁྱབ་བྱས་ཡོད། 2018ལོ་ནས་ད་བར། ཧྲང་ཧའེ་ཡིས་ཡུང་རེན་དབྱིས་རིགས་ཀྱི་ཕར་ཆིན་རྣམ་གྲངས་ལ་མ་དངུལ་སྒོར་ཁྲི་110བཏང་ནས་དབུལ་སྐྱོར་འཁོར་ཁང་5བསྐྲུན་རོགས་བྱས་པས། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་150ལ་ཕན་པ་ཐོབ་ཡོད་ཅེས་ངོ་སྤྲོད་བྱས།