འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་21ཉིན།

༄༅།།བོད་ལྗོངས་མངའ་རིས་ཀྱི་གློག་འདོན་ལམ་བུ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་21ཉིན། 13:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་ལྗོངས་མངའ་རིས་ཀྱི་གློག་འདོན་ལམ་བུ།
    མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་བོད་ལྗོངས་དྲ་བས་སྤེལ་བའི་གསར་འགྱུར་ལྟར་ན། ཉེ་ཆར། རྒྱལ་ཁབ་གློག་དྲ་མངའ་རིས་མཁོ་འདོན་ཚད་ཡོད་ཀུང་སིའི་ཏང་ཨུ་ཧྲུའུ་ཅི་སྤེན་མཆོག་རྡོ་རྗེ་དང་སྤྱི་གཉེར་བ་ཀྲང་མིང་མིང་གི་སྣེ་ཁྲིད་འོག  གསར་འགོད་པ་བོད་ལྗོངས་མངའ་རིས་སེང་གེ་ཁ་འབབ་གྲོང་རྡལ་ནས་ལམ་ཐག་སྤྱི་ལེ་20ལྷག་ཡོད་པའི་ས་འོག་ཚ་ནུས་གློག་གྲྭ་རུ་བསྐྱོད།
   1965ལོར། མངའ་རིས་ས་ཁུལ་དུ་སྟོང་ཝ་30ཡི་ཁྲའེ་སྣུམ་གྱི་གློག་འདོན་འཕྲུལ་ཆས་ཀྱིས་གློག་ཐོག་མ་བཏང་ཞིང་། གནས་འདི་ཡང་ཞིང་འབྲོག་སྤྱི་ཚོགས་རྙིང་བ་ནས་གློག་ཤུགས་ཅན་གྱི་དེང་རབས་དཔལ་ཡོན་སྤྱི་ཚོགས་སུ་སླེབས་པ་རེད། སྒྱུར་བཅོས་སྒོ་འབྱེད་ཀྱི་སྔ་དུས། མངའ་རིས་ས་ཁུལ་ཡོངས་ཀྱི་གློག་འདོན་འཕྲུལ་འཁོར་གྱི་ཤོང་ཚད་སྟོང་ཝ་200ཙམ་ཡང་མི་འདུག
    1987ལོར། གླང་བཅུ་ས་འོག་ཚ་ནུས་གློག་གྲྭ་སྤྱོད་འགོ་ཚུགས་པས། མངའ་རིས་ས་ཁུལ་དུ་བརྟན་ལྷིང་གི་གློག་ཁུངས་ཡོད་པར་གྱུར། “གླང་བཅུ་ས་འོག་ཚ་ནུས་གློག་གྲྭ་ལ་གཏིང་ཟབ་ཚད་སྨི་བརྒྱ་ཡོད་པའི་ས་འོག་ཚ་ནུས་ཁྲོན་པ་ 12 ཡོད་པ་དང་། དེས་སེང་གེ་ཁ་འབབ་གྲོང་རྡལ་ལ་གློག་མཁོ་འདོན་གྱི་ཡོད། ”1996ལོ་ནས་བཟུང་། སྤེན་མཆོག་རྡོ་རྗེ་ཡིས་གནས་འདིར་ལས་ཀ་བྱས་ཡོད། 
   སྤེན་མཆོག་རྡོ་རྗེ་ལས་ཀར་ཞུགས་ནས་ལོ་ངོ་གཉིས་འགོར་རྗེས། གླང་བཅུ་ཚ་ནུས་གློག་གྲྭ་མཚམས་བཞག་པ་རེད། སྟབས་ལེགས་པ་ཞིག་ལ། ལོ་སྔོན་མར། སེང་གེ་ཁ་འབབ་ཁྲའེ་སྣུམ་འཕྲུལ་འཁོར་གློག་ཁང་གི་སྟོང་ཝ་1000ཟིན་པའི་གློག་གཏོང་འགོ་ཚུགས་པས་གློག་མཁོ་འདོན་ལ་འགན་སྲུང་གཞན་ཞིག་བྱུང་བ་རེད། མིག་མདུན་གྱི་བཟོ་གྲྭ་དང་། འཚོ་སྡོད་ཁུལ། གཞུང་ལས་ཁང་སོགས་ལ་ལྟ་བཞིན། སྤེན་མཆོག་རྡོ་རྗེ་ཕྱིར་དྲན་གྱི་ཀློང་དུ་བསྐྱོད།
    ལོ་འདི་འགའི་རིང་། ཀྲུང་དབྱང་ནས་ས་གནས་བར། རིམ་པ་ཁག་གི་སྲིད་གཞུང་གིས་མངའ་རིས་ས་ཁུལ་གྱི་གློག་གི་གནད་དོན་ཐག་གཅོད་གང་ཐུབ་བྱེད་ཀྱི་ཡོད། མིག་སྔའི་བར་མངའ་རིས་ས་ཁུལ་གྱི་གློག་ཤུགས་སྤྱིའི་སྒྲིག་སྦྱོར་འཕྲུལ་འཁོར་གྱི་ཤོང་ཚད་ཀྲའོ་ཝ་89.67ཟིན་པ་དང་། གློག་དྲ་ཁེབས་ཚད་97%ཟིན་ཡོད།
   2015ལོར། རི་ཐོག་རྫོང་། དགེ་རྒྱས་རྫོང་། རྩ་མདའ་རྫོང་བཅས་རྫོང་3གྱི་དྲ་སྦྲེལ་ལས་གྲྭ་ལེགས་གྲུབ་བྱུང་ཞིང་། རྫོང་འདི་3དང་སྒར་རྫོང་བར་གློག་ཤུགས་དྲ་རྒྱ་གཅིག་གྲུབ་པ་དང་། མངའ་རིས་རྫོང་ཁག་གི་གློག་ཤུགས་ཁེར་རྐྱང་དྲ་རྒྱའི་རྣམ་པའི་གནད་དོན་ཐག་གཅོད་བྱས་པ་རེད། 2017ལོའི་ཟླ་4པར། སྐབས་གསར་པའི་ཞིང་དྲ་རིམ་སྤོར་བསྒྱུར་བཀོད་ལས་གྲྭ་མངའ་རིས་ས་ཁུལ་གྱི་རྫོང་4དང་འབྲེལ་བ་དང་། སྤྱིའི་མ་དངུལ་སྒོར་དུང་ཕྱུར་11.4བཞག་ཡོད་པ་རེད། 
   མངའ་རིས་ཀྱི་གློག་ཤུགས་ལས་བྱེད་པར་དགའ་སྤྲོ་སྐྱེ་བར་འཇུག་པ་ནི་ཟླ་7ཚེས་26ཉིན་མངའ་རིས་ཀྱི་གློག་དྲ་དང་བོད་ལྗོངས་དབུས་ཀྱི་གློག་དྲ་དྲ་སྦྲེལ་ལས་གྲྭ་ཁྱོན་ཡོངས་ནས་ཤར་གཏོང་ཐུབ་པ་དེ་རེད། འགྲུབ་ཉེར་ཡོད་པའི་ལས་གྲྭ་དེས་མངའ་རིས་ས་ཁུལ་གྱི་རྫོང་7དང་། ཤང་དང་གྲོང་རྡལ་25། དུད་ཚང་17221དང་ཞིང་འབྲོག་མང་ཚོགས་66000གི་ཐོན་སྐྱེད་དང་འཚོ་བའི་གློག་སྤྱོད་གནད་དོན་ཐག་གཅོད་དང་ལེགས་སུ་གཏོང་རྒྱུ་ཡིན་པ་དང་། རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པའི་སྲིད་འཛིན་ཁུལ་གྱིས་ དུས་ཡུན་རིང་པོར་ཁེར་དྲ་སྤྱོད་པའི་ལོ་རྒྱུས་ཀྱང་རྦད་དེ་མཇུག་བསྒྲིལ་རྒྱུ་མ་ཟད ། མངའ་རིས་ས་ཁུལ་གྱིས་དུས་ཡུན་རིང་པོར་གློག་ཤུགས་འགན་ལེན་གྱི་ཞན་ཆ་སེལ་བའི་གནད་དོན་རྩ་བའི་ཆ་ནས་ཐག་གཅོད་བྱེད་རྒྱུ་རེད། “ང་ཚོ་ཚང་མས་སྔ་ཙམ་དྲ་སྦྲེལ་ཐུབ་ནས་གློག་དཀོན་པའི་གནས་ཚུལ་མཇུག་བསྒྲིལ་བར་རེ་སྒུག་བྱེད་ཀྱི་ཡོད།”
【1】  【2】
༄༅།།བོད་ལྗོངས་མངའ་རིས་ཀྱི་གློག་འདོན་ལམ་བུ།