འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་21ཉིན།

༄༅།།སི་ཁྲོན་རྔ་པ་ཀྲོའུ་ཡིས་དངུལ་རྩའི་སྒྲིག་གཞི་མེད་པའི་ཤང་དང་གྲོང་རྡལ་56གི་སྟོང་ཆ་གསབ་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་21ཉིན། 09:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    རོང་ཝམ་ཤང་ནི་རྔ་པ་རྫོང་གི་ལྷོ་རྒྱུད་དུ་གནས་པ་དང་རྫོང་གྲོང་དབར་སྤྱི་ལེ་90ཡོད། དེ་གར་སྲིད་འཛིན་གྲོང་ཚོ་6ཡོད་ལ་རྒྱུན་སྡོད་མི་འབོར་3075ཡོད་ཅིང་། དེ་ནི་རྔ་པ་རྫོང་གི་ཐག་རིང་ཤོས་ཀྱི་རྗེས་ལུས་ཤང་ཞིག་ཡིན་ཁར་དངུལ་རྩའི་སྒྲིག་གཞི་མེད་པའི་ཤང་ཞིག་ཀྱང་རེད། 2020ལོའི་ཟླ་6པར་རྔ་པ་ཀྲོའུ་གྲོང་གསེབ་ཡིད་རྟོན་མཉམ་ལས་ཁང་གིས་རོང་ཝམ་ཤང་སྲིད་གཞུང་གནས་ཡུལ་གྱི་ཝམ་པ་གྲོང་ཚོར་རྨང་གཞིའི་དངུལ་རྩའི་ཞབས་ཞུའི་ས་ཚིགས་བསྐྲུན་པར་བརྟེན། ཡུལ་མིས་དངུལ་རྩའི་ལས་སྒོ་གཉེར་བའི་དུས་ཚོད་གྲོན་ཆུང་ཐུབ་ཁར་ཡུལ་མིའི་འགྲོ་སྐྱོད་བདེ་འཇགས་ལའང་འགན་ལེན་བྱུང་ཡོད།
    “དེ་སྔོན་ཆར་པ་འབབ་སྐབས་ཆུ་རུད་དང་གངས་སྐྱོན་སོགས་ཀྱི་གནོད་འཚེ་ཡོད་པས། ཡུལ་མི་རྣམས་རྫོང་གྲོང་དུ་ལས་སྒོ་གཉེར་བར་ཕྱིན་ཚེ་དངངས་སྐྲག་སྐྱེ་གི་ཡོད”ས་ཐག་རིང་ཤོས་སུ་ཡོད་པའི་ཤར་ཀ་གྲོང་ཚོ་ནས་རྫོང་གི་ཞབས་ཞུའི་ས་ཚིགས་བར་སྤྱི་ལེ་106ཡོད་ལ་ཕར་ལམ་རྐྱང་པར་ཆུ་ཚོད་5ལྷག་ཙམ་འགོར་གྱི་ཡོད། བདལ་གླ་དང་ཟས་རིན་ཁང་རིན་སོགས་ལ་སྒོར་300ལྷག་ཙམ་དགོས་ཀྱི་ཡོད། རྨང་གཞིའི་དངུལ་རྩའི་ཞབས་ཞུའི་ས་ཚིགས་བསྐྲུན་རྗེས་ཤར་ཀ་གྲོང་ཚོ་ནས་དེ་གར་ལམ་ཐག་སྤྱི་ལེ་20ཙམ་ལས་མེད་པས་བདལ་གླ་མང་ཤོས་སུའང་སྒོར་10ལས་དགོས་ཀྱི་མེད་ཅེས་རོང་ཝམ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཤང་ཀྲང་ལིའུ་ཧུའེ་ཡིས་བཤད།
      རྔ་པ་ཀྲོའུ་ཡིད་རྟོན་མཉམ་ལས་ཁང་གི་དངུལ་རྩའི་སྒྲིག་གཞི་མེད་པའི་ཤང་དང་གྲོང་རྡལ་གྱི་སྒྲུབ་གཉེར་པ་ཁྲེན་ཧུང་གིས། རོང་ཝམ་ཤང་གི་རྨང་གཞིའི་དངུལ་རྩའི་ཞབས་ཞུའི་ས་ཚིགས་ཀྱིས་ད་ལོའི་ཟླ་6པ་ནས་བཟུང་ཟླ་རེའི་ཚེས་8དང་ཚེས་18ཉིན་གྱི་སྔ་དྲོའི་ཆུ་ཚོད་10པ་ནས་ཕྱི་དྲོའི་ཆུ་ཚོད་3པའི་བར་དུས་བཀག་ལྟར་ཝམ་པ་གྲོང་ཚོའི་གྲོང་མིར་དངུལ་རྩའི་ལས་སྒོ་གཉེར་རོགས་བྱེད་ཀྱི་ཡོད་ཅེས་བཤད།
     བསྡོམས་རྩིས་བྱས་པར་གཞིགས་ན། 2016ལོ་ནས་2020ལོའི་རིང་རྔ་པ་ཀྲོའུ་རུ་དངུལ་རྩའི་སྒྲིག་གཞི་མེད་པའི་ཤང་དང་གྲོང་རྡལ་56ཡོད་པའི་ནང་། རྔ་པ་གྲོང་གསེབ་ཡིད་རྟོན་མཉམ་ལས་ཁང་གིས་དངུལ་རྩའི་སྒྲིག་གཞི་མེད་པའི་ཤང་དང་གྲོང་རྡལ་24ཡི་ཞབས་ཞུའི་འགན་ཁུར་བའི་བསྡུར་ཚད་43%ཟིན་ཡོད། 2020ལོའི་ཟླ་7པའི་ཟླ་མཇུག་བར་ཀྲོའུ་ཡོངས་ཀྱི་ཞིང་ལས་ཡིད་རྟོན་ཁང་གིས་དངུལ་རྩའི་སྒྲིག་གཞིའི་ཞབས་ཞུ་མེད་པའི་ཤང་དང་གྲོང་རྡལ་14རུ་ལས་གཉེར་ས་ཚིགས་14བསྐྲུན་ནས་དངུལ་རྩའི་ཞབས་ཞུའི་སྟོང་ཆ་གསབ་པ་དང་། ཀྲོའུ་ཡོངས་ཀྱི་གྲོང་གསེབ་ཡིད་རྟོན་ཁང་གི་ས་ཚིགས་དེ་ཤང་དང་གྲོང་རྡལ་དུ་ཁྱབ་ཚད་76.40%ཟིན་པ་རེད།