འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་21ཉིན།

༄༅།།2020ལོའི་རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ཉིན་མོའི་བྱེད་སྒོ་སྤེལ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་21ཉིན། 09:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་9ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཚེས་19ཉིན། 2020ལོའི་རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ཉིན་མོའི་བྱེད་སྒོ་སྤེལ་འགོ་ཚུགས་པ་དང་། བྱེད་སྒོ་དེ“ཕྱོགས་ཡོངས་ནས་འབྱོར་འབྲིང་གི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དམངས་ཀྱི་ཆེད་དུ་ཚན་རྩལ་ལག་བསྟར་བྱེད”ཅེས་པ་བརྗོད་བྱ་གཙོ་བོར་བྱས་པ་དེ་ཟླ་9ཚེས་25ཉིན་བར་རྒྱུན་མཐུད་ངང་སྤེལ་རྒྱུ་ཡིན་པ་དང་། རྒྱུན་གཏན་གྱི་ཚན་རིག་ཁྱབ་གདལ་ནང་དོན་གྱི་རྨང་གཞིའི་ཐོག འཕྲལ་སྡོམ་ཚན་རིག་ཁྱབ་གདལ་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་དྲ་ཐོག་དང་དྲ་ཕྱི་མཉམ་འདྲེས་ཀྱིས་སྤྱི་དམངས་ལ་ཚན་རིག་ཁྱབ་གདལ་གྱི་སྟོན་མོ་གཟབ་རྒྱས་ཤིག་གཤོམ་རྒྱུ་རེད།