འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་19ཉིན།

༄༅།།ཡོན་ཧྲི་140ལྷག་ཙམ་སི་ཁྲོན་དུ་འཛོམས་ནས་འཕེལ་རྒྱས་ཀྱི་ཇུས་གཞི་མཉམ་དུ་འགོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་19ཉིན། 12:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་ཁྲེང་ཏུའུ་ནས་གློག་འཕྲིན་འབྱོར་གསལ། ཚེས་17ཉིན་ནས་20ཉིན་བར“སི་ཁྲོན་ཞིང་ཆེན་གྱིས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁང་གཉིས་ཀྱི་ཡོན་ཧྲི་སི་ཁྲོན་དུ་བསྐྱོད་པའི”བྱེད་སྒོ་ཁྲེང་ཏུའུ་རུ་གཉེར་རྒྱུ་ཡིན་པ་རེད། ཐེམ་ཁོངས་སི་ཁྲོན་ནས་ཡིན་པའི་ཡོན་ཧྲི་དང་། སི་ཁྲོན་དུ་ཡོད་པའི་ཡོན་ཧྲི། སི་ཁྲོན་དང་མཉམ་ལས་རྣམ་གྲངས་ཡོད་པ་དང་མཉམ་ལས་བྱེད་འདོད་ཡོད་པའི་ཡོན་ཧྲི་བཅས་140ལྷག་ཙམ་གདན་ཞུས་ལྟར་ད་ཐེངས་ཀྱི་བྱེད་སྒོར་ཞུགས་ཏེ། སི་ཁྲོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཆར་གཞི་ཆེན་པོ་མཉམ་དུ་འགོད་རྒྱུ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོས་ཆེད་དོན་འབྲེལ་མཐུད་ཚོགས་འདུ་5དང་། གྲོང་ཁྱེར་དང་ཀྲོའུ་རུ་བསྐྱོད་པ་དང་ཚན་པར་བསྐྱོད་པ་སོགས་ཀྱི་ཡན་ལག་བྱེད་སྒོ་20ལྷག་ཙམ་སྤེལ་རྒྱུ་རེད། ཆེད་དོན་འབྲེལ་མཐུད་ཚོགས་འདུ་5པོས་གློག་རྡུལ་ཆ་འཕྲིན་དང་། སྔོན་ཐོན་རྒྱུ་ཆ་དང་སྒྲིག་ཆས་བཟོ་སྐྲུན། སྐྱེ་དངོས་གསོ་རིག་དང་དེང་རབས་ཞིང་ལས། ཁོར་ཡུག་སྣོད་བཅུད་དང་ནུས་རྒྱུ་རྫས་འགྱུར་བཟོ་ལས། དེང་རབས་འགྲིམ་འགྲུལ་དང་། མཁའ་འགྲུལ། འཇིག་རྟེན་འཕུར་སྐྱོད་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ནས་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཡོན་ཧྲི་དང་རིམ་པ་མཐོ་བའི་ཤེས་ལྡན་མི་སྣ་སྒྲིག་འཛུགས་བྱས་ཏེ་བགྲོ་གླེང་དང་སྤེལ་རེས་བྱ་རྒྱུ་རེད།