འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་19ཉིན།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས《ཤིན་ཅང་གི་ངལ་རྩོལ་ལས་ཞུགས་འགན་
ལེན》གྱི་རྒྱབ་ཤ་དཀར་པོའི་དེབ་བཏོན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་19ཉིན། 12:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་17ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས《ཤིན་ཅང་གི་ངལ་རྩོལ་ལས་ཞུགས་འགན་ལེན》གྱི་རྒྱབ་ཤ་དཀར་པོའི་དེབ་བཏོན་པ་རེད།
    རྒྱབ་ཤ་དཀར་པོའི་དེབ་ནང་ངོ་སྤྲོད་བྱས་དོན། ཀྲུང་གོའི་ཤིན་ཅང་གིས་ངལ་རྩོལ་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུ་དེ་དམངས་འཚོའི་འདུ་འགོད་དང་། དམངས་སེམས་ཀྱི་འདུ་འགོད། གཞི་རྩའི་འདུ་འགོད་བཅས་ཆེ་ཤོས་སུ་བརྩིས་ནས། ངལ་རྩོལ་པས་རང་བརྟེན་ལས་ཞུགས་བྱེད་པ་དང་། ཁྲོམ་རས་ལས་ཞུགས་སྙོམས་སྒྲིག་བྱེད་པ། སྲིད་གཞུང་གིས་ལས་ཞུགས་ལ་སྐུལ་འདེད་དང་ལས་གཏོད་ལ་སྐུལ་ལྕག་གཏོང་བ་ཟུང་འབྲེལ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ལས་ཞུགས་གསོ་སྦྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་བ་དང་། ལས་ཞུགས་ཐབས་ལམ་ཆེ་རུ་ཧུར་ཐག་བཏང་བ། ལས་ཞུགས་གྲངས་འབོར་མང་དུ་ནུས་ལྡན་བཏང་བས་ལས་ཞུགས་དུས་བབ་རྒྱུན་ཆད་མེད་པར་ལེགས་སུ་སོང་བ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་ཡོང་འབབ་ཀྱང་རྒྱུན་ཆད་མེད་པར་མང་དུ་སོང་ཡོད།
     རྒྱབ་ཤ་དཀར་པོའི་དེབ་ནང་མངོན་པར། ཉེ་བའི་ལོ་ཤས་རིང་ཤིན་ཅང་གི་ངལ་རྩོལ་ལས་ཞུགས་འགན་ལེན་གྱི་སྲིད་ཇུས་མ་ལག་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ་དང་། ལས་ཞུགས་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། ལས་ཞུགས་ཀྱི་གྲུབ་ཆ་སྔར་བས་ལུགས་དང་མཐུན་པ། ངལ་རྩོལ་ནུས་ཤུགས་ཀྱི་བྱང་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། གྲོང་མི་དང་ལས་བཟོའི་ཡོང་འབབ་བརྟན་པོའི་ངང་འཕར་བ་བཅས་བྱུང་ཡོད། 2014ལོ་ནས་2019ལོ་བར་ཤིན་ཅང་གི་ངལ་རྩོལ་ལས་ཞུགས་ཀྱི་མི་འབོར་ཁྲི་1135.24ནས་ཁྲི་1330.12བར་མང་དུ་ཕྱིན་པ་དང་། ལོ་རེར་ཆ་སྙོམས་བྱས་ན་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ལྷག་མ་ལས་ཞུགས་གཞན་སྒྱུར་མི་ཐེངས་ཁྲི་276.3ཡན་ཟིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་2.32ནས་སྒོར་ཁྲི་3.47བར་མང་དུ་ཕྱིན་པ། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་8724ནས་སྒོར་ཁྲི་1.31བར་འཕར་ཡོད།
    ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ངན་པར་དམིགས་ཏེ། ཤིན་ཅང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་བཏང་ཡོད།      རྒྱབ་ཤ་དཀར་པོའི་དེབ་ནང་འཁོད་པར། 2020ལོའི་ཟླ་6པའི་ཟླ་མཇུག་བར། ཤིན་ཅང་ཡོངས་ཀྱིས་ཁེ་ལས་ཀྱི་རྒན་གསོ་དང་། ལས་ཤོར། ལས་རྨས་གསུམ་གྱི་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་སྒོར་དུང་ཕྱུར་75.53ཆག་ཡང་དང་རྩ་ཆག་བཏང་བ་དང་། མི་ཁྲི་55.24ལ་ལས་ཞུགས་ཁ་གསབ་སྣ་ཚོགས་སྒོར་དུང་ཕྱུར་16.95ལོངས་སུ་སྤྱོད་རྒྱུ་བྱུང་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི་33.97གསར་འཕར་བྱུང་བ་དང་། ལས་གཏོད་མི་གྲངས་ཁྲི་4.18གསར་འཕར་བྱུང་བ། མི་ཁྲི་6.95ལ་ལས་ཞུགས་བྱ་རྒྱུའི་སྐུལ་ཁྲིད་ཐུབ་པ། ལས་ཞུགས་ཐད་དཀའ་ངལ་ཡོད་པའི་མི་ཁྲི་3.16ལས་ཞུགས་ཐུབ་ཡོད།
     རྒྱབ་ཤ་དཀར་པོའི་དེབ་ནང་ནན་བཤད་བྱས་པར། ཤིན་ཅང་གིས་ཁྲིམས་ལྟར་ངལ་རྩོལ་པའི་གཞི་རྩའི་དབང་ཆ་འགན་ལེན་བྱས་ཤིང་། དོན་དངོས་དང་ཟུང་འབྲེལ་བྱས་ཏེ《〈ངལ་རྩོལ་འགན་ལེན་དང་ལྟ་ཞིབ་སྲོལ་ཡིག〉ལག་བསྟར་བྱ་རྒྱུའི་སྐོར་གྱི་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་བྱ་ཐབས》དང《ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ལས་བཟོའི་ངལ་རྩོལ་ཁེ་དབང་འགན་ལེན་སྲོལ་ཡིག》སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོས་ཏེ་ལག་ལེན་བསྟར་ནས་ངལ་རྩོལ་པའི་འདྲ་མཉམ་ལས་ཞུགས་དང་། ཐོབ་ཆ། ངལ་གསོ་འཁོར་ཤག ལས་རིགས་བདེ་འཇགས། ཆོས་དད་རང་མོས། རང་མི་རིགས་ཀྱི་སྐད་ཡིག་བེད་སྤྱོད་སོགས་ཀྱི་དབང་ཆ་སྣ་ཚོགས་འགན་ལེན་ཏན་ཏིག་བྱས་ཡོད།
    ཀྲུང་གོ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་རྒྱལ་སྤྱིའི་ངལ་རྩོལ་བཟོ་པའི་རྩ་འཛུགས་ཀྱི་གྲོས་འགོ་དང་ལེན་ཧུར་ཐག་བྱས་ཡོད། རྒྱབ་ཤ་དཀར་པོའི་དེབ་ནང་འཁོད་པར། ཤིན་ཅང་གིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་ལག་ལེན་ནན་པོ་བསྟར་བའི་ཁར། རྒྱལ་སྤྱིའི་ངལ་རྩོལ་བཟོ་པ་དང་འགྲོ་བ་མིའི་ཐོབ་ཐང་གི་ཚད་གཞི་ལག་ལེན་ཧུར་ཐག་བསྟར་ཏེ། མི་རིགས་ཁག་གི་མང་ཚོགས་ལ་ངལ་རྩོལ་གྱི་དབང་ཆ་ལོངས་སུ་སྤྱོད་རྒྱུ་ཡོད་པའི་འགན་ལེན་གང་ཐུབ་ཅི་ཐུབ་བྱས་ཏེ་རིམ་པ་དེ་བས་མཐོ་བ་དང་དོན་སྙིང་དེ་བས་ཟབ་པའི་ཐོག་ནས་འཚོ་གནས་ཀྱི་དབང་ཆ་དང་འཕེལ་རྒྱས་ཀྱི་དབང་ཆ་སྤྱོད་རྒྱུ་ཡོང་བ་བྱ་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།