འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་18ཉིན།

༄༅།།ལྷ་ཉིང་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོའི་ཟམ་པ་ 120ཚང་མ་བསྐྲུན་ཟིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་18ཉིན། 09:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་དུམ་བུའི(གཤམ་དུ“ལྷ་ཉིང་ལྕགས་ལམ”ཞེས་བསྡུ་རྒྱུ)ལམ་ཐིག་ཧྲིལ་པོའི་མཐའ་མའི་Tདབྱིབས་ཀ་བ་དེ་ལྕགས་དཀར་བབས་ཚུགས་ཀྱི་ལྕགས་ལམ་ཉིས་གཤིབ་ཟམ་ཆེན་དུ་བཙུགས་ཟིན་པ་དེ་ལས་ལྷ་ཉིང་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོའི་ཁུང་བུ་2364ཡི་Tདབྱིབས་ཀ་བ་ཚང་མ་བཙུགས་ཟིན་པ་མཚོན་ཡོད། ད་བར་ལྷ་ཉིང་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོའི་ཟམ་པ་120ཚང་མ་བདེ་བླག་ངང་བསྐྲུན་ཟིན་པ་རེད།
    གསར་དུ་བསྐྲུན་པའི་ལྷ་ཉིང་ལྕགས་ལམ་དེ་བོད་ཀྱི་ཤར་ལྷོའི་རྒྱུད་དུ་གནས་ཡོད། ལམ་ཐིག་དེ་ལྷ་གཞིས་ལྕགས་ལམ་ཤེལ་གྲོང་བབས་ཚུགས་ནས་འགོ་ཚུགས་ཏེ་ལྷོ་ངོས་སུ་གངས་ཏི་སིའི་རི་རྒྱུད་བརྒལ་ནས་ཡར་ཀླུང་གཙང་པོའི་ལུང་གཞུང་དུ་སླེབས་པ་དང་། དེ་ནས་གོང་དཀར་ནས་ཡར་ཀླུང་གཙང་པོ་བརྒལ་རྗེས་ཤར་ངོས་ཀྱི་གྲ་ནང་དང་། སྣེ་གདོང་། ཟངས་རི། རྒྱ་ཚ། སྣང་རྫོང་། སྨན་གླིང་བཅས་བརྒྱུད་ཉང་ཆུ་གྲོལ་ནས་ཉིང་ཁྲིར་འབྱོར་བ་དེ་ནི། བོད་ཀྱི་ས་ཁོངས་ནང་གི་གློག་ཤུགས་ཅན་གྱི་ལྕགས་ལམ་དང་པོ་དེ་ཡིན་ཞིང་། ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་160འཆར་འགོད་བྱས་པ་དང་ལམ་ཐིག་ཧྲིལ་པོའི་ཟམ་པ་དང་ཕུག་ལམ་གྱི་སྤྱིའི་རིང་ཚད་ཀྱིས་ལམ་ཐིག་སྤྱིའི་རིང་ཚད་ཀྱི་75%ཙམ་བཟུང་ཡོད། སྔོན་དཔག་ལྟར་ན་2021ལོར་མེ་འཁོར་ཤར་གཏོང་ཐུབ་རྒྱུ་རེད།