འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་18ཉིན།

༄༅།།ཧྲའན་ཤིས་ཀྱིས། ས་ཁུལ་དབུལ་པོའི་སློབ་གྲྭར་དམིགས་ནས“གཅིག་གཏད་གཅིག”གི་
གནད་སྨིན་རོགས་སྐྱོར་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་18ཉིན། 09:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་ཤིས་ཨན་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཧྲའན་ཤིས་ཞིང་ཆེན་སློབ་གསོ་ཐིང་གིས《2020ལོའི“རྒྱལ་ཁབ་ཀྱི་གསོ་སྦྱོང་འཆར་འགོད”—ཧྲའན་ཤིས་ཞིང་ཆེན་གྱི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་དགེ་རྒན་གསོ་སྦྱོང་བྱེད་པའི་རྣམ་གྲངས་ལག་བསྟར་ལས་དོན་ཡག་པོ་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས་2020ལོའི་ཧྲའན་ཤིས་ཀྱི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་དགེ་རྒན་གྱི“རྒྱལ་ཁབ་ཀྱི་གསོ་སྦྱོང་འཆར་འགོད”དངོས་སུ་ལག་ལེན་བསྟར་འགོ་བཙུགས་པ་རེད། འདི་ལོ་ཧྲའན་ཤིས་ཀྱི“རྒྱལ་ཁབ་ཀྱི་གསོ་སྦྱོང་འཆར་འགོད”ཀྱིས་ས་ཁུལ་དབུལ་པོའི་གཞི་ཁྱོན་ཆུང་བའི་སློབ་གྲྭ་དང་གྲོང་གསེབ་ཀྱི་ཞག་སྡོད་ལམ་ལུགས་སློབ་གྲྭར་དམིགས་པའི“གཅིག་གཏད་གཅིག”གི་གནད་སྨིན་རོགས་སྐྱོར་བྱས་ཏེ། གྲོང་གསེབ་ཀྱི་དགེ་རྒན་རྒྱུན་མཐུད་འཕེལ་རྒྱས་དང་གྲོང་གསེབ་ཀྱི་སློབ་མ་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱ་རྒྱུ་རེད།
     སློབ་གསོ་ཐིང་གིས་གྲོང་ཁྱེར་ཁག་དང“རྒྱལ་ཁབ་ཀྱི་གསོ་སྦྱོང་འཆར་འགོད”ཀྱི་གཙོ་གནད་རྒྱབ་སྐྱོར་བྱེད་པའི་རྣམ་གྲངས་ཁུལ་གྱི་རྫོང་ཁག་གིས་2019ལོའི་ས་ཁོངས་ནང་གི་གྲོང་གསེབ་དགེ་རྒན་རྒྱལ་ཁབ་ཀྱི་གསོ་སྦྱོང་རྣམ་གྲངས་ནང་ཞུགས་པའི་གནས་ཚུལ་དང་གྲོང་གསེབ་ཀྱི་གཞི་ཁྱོན་ཆུང་བའི་སློབ་གྲྭ་དང་གྲོང་གསེབ་ཀྱི་ཞག་སྡོད་ལམ་ལུགས་སློབ་གྲྭའི་གནས་ཚུལ་ཤེས་རྟོགས་ཡག་པོ་བྱེད་དགོས་པ་དང“གཅིག་གཏད་གཅིག”གི་གནད་སྨིན་རོགས་སྐྱོར་རྣམ་གྲངས་ཀྱི་སློབ་གྲྭ་འདེམས་སྒྲུག་འོས་སྦྱོར་བྱས་ཏེ། རྒྱལ་ཁབ་ཀྱི་གསོ་སྦྱོང་རྣམ་གྲངས་ནང་ཞུགས་མེད་པའི་དེ་བྱིངས་ཀྱི་གྲོང་གསེབ་ཀྱི་དགེ་རྒན་ཚང་མ་འདི་ལོའི་རྒྱལ་ཁབ་ཀྱི་གསོ་སྦྱོང་རྣམ་གྲངས་ནང་བཅུག་ནས་གྲོང་གསེབ་དགེ་རྒན་གྱི“རྒྱལ་ཁབ་ཀྱི་གསོ་སྦྱོང་འཆར་འགོད”དགེ་རྒན་ཡོངས་ལ་ཁྱབ་པའི་དམིགས་ཚད་མངོན་འགྱུར་ཐུབ་པའི་འགན་ལེན་བྱེད་དགོས། དུས་མཚུངས་རྫོང་ཁོངས་ནང་ཁུལ་དང་ཕྱི་ཕྱོགས་ཀྱི་སྤུས་ལེགས་གསོ་སྦྱོང་ཐོན་ཁུངས་བསྡུ་སྒྲིལ་གང་ལེགས་བྱས་ནས་རྫོང་རིམ་པའི་དགེ་རྒན་འཕེལ་རྒྱས་ལྟེ་གནས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་ས་ཁོངས་ནང་ཁུལ་གྱི་དགེ་རྒན་འཕེལ་རྒྱས་ཀྱི་སློབ་གྲྭ(ཡུལ་དེའི་དགེ་རྒན་གསོ་སྐྱོང་དང་གསོ་སྦྱོང་ལག་བསྟར་རྟེན་གཞི)ལེགས་འདེམས་དང་འཛུགས་སྐྱོང་ཡག་པོ་བྱས་ཏེ་མཐོ་རིམ་སློབ་གྲྭ་དང་རྒྱང་ཁྲིད་གསོ་སྦྱོང་སྒྲིག་གཞི་དང་། རྫོང་རིམ་པའི་དགེ་རྒན་འཕེལ་རྒྱས་ལྟེ་གནས། སློབ་གྲྭའི“ཕྱོགས་བཞི་གཞི་གཅིག”གི་གྲོང་གསེབ་དགེ་རྒན་གྱི་ཆེད་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཞབས་ཞུའི་མ་ལག་བཅས་འཛུགས་རྒྱུར་ཤུགས་སྣོན་ཟམ་མི་ཆད་པར་རྒྱག་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།