འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་17ཉིན།

༄༅།།ཅན་དབྱི་ཝེ་བདེ་བླག་ངང་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨང་99པར་བདམས་ཐོན་བྱུང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་17ཉིན། 15:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཟླ་9ཚེས་16ཉིན། ཐོ་ཁེའོ་རུ་གནས་པའི་འཇར་པན་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མར་དམངས་གཙོ་ཏང་གི་འགོ་འཛིན་ཅན་དབྱི་ཝེ(དབུས)ཡར་བཞེངས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཚེས་16ཉིན་འཇར་པན་གྱིས་གནས་སྐབས་རྒྱལ་ཚོགས་བསྡུས་ཏེ་དབུ་བཞུགས་བློན་ཆེན་གྱི་མིང་འདོན་འདེམས་བསྐོ་བྱས། སྲིད་འཛིན་ཏང་རང་དབང་དམངས་གཙོ་ཏང་གི་འགོ་འཛིན་གསར་པ་ཅན་དབྱི་ཝེ་བདེ་བླག་ངང་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨང་99པར་བདམས་ཐོན་བྱུང་བ་དང་འབྲེལ་དེ་ཉིན་ནང་བློན་ཁང་གསར་པ་བཙུགས་པ་རེད།
   ཟླ་9ཚེས་16ཉིན། ཐོ་ཁེའོ་རུ་གནས་པའི་འཇར་པན་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མར་དམངས་གཙོ་ཏང་གི་འགོ་འཛིན་ཅན་དབྱི་ཝེ(དབུས)ཡར་བཞེངས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཚེས་16ཉིན་འཇར་པན་གྱིས་གནས་སྐབས་རྒྱལ་ཚོགས་བསྡུས་ཏེ་དབུ་བཞུགས་བློན་ཆེན་གྱི་མིང་འདོན་འདེམས་བསྐོ་བྱས། སྲིད་འཛིན་ཏང་རང་དབང་དམངས་གཙོ་ཏང་གི་འགོ་འཛིན་གསར་པ་ཅན་དབྱི་ཝེ་བདེ་བླག་ངང་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨང་99པར་བདམས་ཐོན་བྱུང་བ་དང་འབྲེལ་དེ་ཉིན་ནང་བློན་ཁང་གསར་པ་བཙུགས་པ་རེད། 
    མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་16ཉིན་གནས་སྐབས་རྒྱལ་ཚོགས་བསྡུས་ནས་དབུ་བཞུགས་བློན་ཆེན་གྱི་མིང་འདོན་འདེམས་བསྐོ་སྤེལ་བ་དང་། སྲིད་འཛིན་ཏང་དམངས་གཙོ་ཏང་གི་འགོ་འཛིན་གསར་པ་ཅན་དབྱི་ཝེ་བདེ་བླག་ངང་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨང་99པར་བདམས་ཐོན་བྱུང་བ་མ་ཟད། ཉིན་དེར་ནང་བློན་གསར་པ་སྒྲིག་འཛུགས་བྱས་པ་རེད། 
    ཉིན་དེའི་ཕྱི་དྲོར། ཅན་དབྱི་ཝེ་གྲོས་ཁང་འོག་མའི་ནུས་ལྡན་འདེམས་ཤོག་462ཁྲོད་ནས་འདེམས་ཤོག་314ཐོབ་པ་དང་། གྲོས་ཁང་གོང་མའི་འདེམས་ཤོག་240ནང་ནས་འདེམས་ཤོག་142ཐོབ་པས། ཚང་མ་འདེམས་ཤོག་ཕྱེད་ཀ་ལས་བརྒལ་ཏེ་བདེ་བླག་ངང་འཇར་པན་གྱི་དབུ་བཞུགས་བློན་ཆེན་ལ་བདམས་ཐོན་བྱུང་བ་རེད། ཅན་དབྱི་ཝེ་ཡིས་དེ་མཐུད་ནས་ནང་བློན་གསར་པ་སྒྲིག་འཛུགས་བྱས་ཤིང་། ནང་བློན་གསར་པ་ནི་ཉིན་དེའི་དགོང་མོར་རྒྱལ་པོའི་ཕོ་བྲང་དུ་དབུ་བཞུགས་བློན་ཆེན་བསྐོ་བཞག་མཛད་སྒོ་དང་ནང་བློན་གྱི་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་མཛད་སྒོ་སྤེལ་རྗེས་དངོས་སུ་བཙུགས་པ་རེད། 
    འདི་ནི་འཇར་པན་གྱི་དབུ་བཞུགས་བློན་ཆེན་2012ལོའི་ཟླ་12པ་ནས་བཟུང་གི་བརྗེ་ཐེངས་དང་པོ་རེད། སྐབས་དེའི་དབུ་བཞུགས་བློན་ཆེན་ཨ་པེ་ཤིན་ཟོ་ཡིས་ཟླ་8ཚེས་28ཉིན་གཟུགས་པོའི་བདེ་ཐང་གི་རྐྱེན་པས་ལས་ཁུར་དགོངས་ཞུ་ཁྱབ་བསྒྲགས་བྱས་པ་རེད། ཚེས་16ཉིན་གྱི་སྔ་དྲོར། ཨ་པེ་ནང་བློན་ཁང་གིས་གནས་སྐབས་ནང་བློན་ཚོགས་འདུའི་ཐོག་ཐུན་མོང་ཐོག་ལས་ཁུར་དགོངས་ཞུ་བྱས་ཤིང་། དེའི་ཐོག་ནས་འཇར་པན་གྱི་ལོ་རྒྱུས་ཐོག་བསྟུད་མར་ལས་ཐོག་གི་དུས་ཚོད་རིང་ཤོས་ཀྱི་ཟིན་ཐོ་བཏོད་པའི་ཨན་པེ་ནང་བློན་ཁང་མཇུག་རྫོགས་པ་མཚོན་ཡོད།
    ཅན་དབྱི་ཝེ་ད་ལྟ་ལོ་71ཡིན་པ་དང་། ཆུའོ་ཐན་རྫོང་གི་ཞིང་པའི་ཁྱིམ་དུ་སྐྱེས་པ་དང་། ཁོང་ནི་1996ལོར་རྒྱལ་ཚོགས་གྲོས་མིར་བདམས་ཐོན་བྱུང་ཞིང་། དེ་སྔོན་སྤྱི་གཉེར་བློན་ཆེན་དང་ནང་བློན་ཁང་གི་དཔོན་པོ་སོགས་ཀྱི་འགན་འཁུར་མྱོང་བ་དང་། འཇར་པན་གྱི་འོས་འགན་འཁུར་ཡུན་རིང་ཤོས་ཀྱི་ནང་བློན་ཁང་གི་དཔོན་པོ་རེད། 2019ལོའི་ཟླ་4པར། ཅན་དབྱི་ཝེ་ཡིས་ཨ་པེ་སྲིད་གཞུང་གི་ཚབ་ཞུས་ནས་ཁྲི་ལོ་གསར་པ་“གླིང་ཧོ་”ཁྱབ་བསྒྲགས་བྱས་པ་དང་། དེའི་ཕྱིར་“གླིང་ཧོ་ཨ་ཁུ”ཞེས་པའི་མིང་ཐོགས་ཡོད། ཟླ་འདིའི་ཚེས་14ཉིན། ཅན་དབྱི་ཝེ་རང་དབང་དམངས་གཙོ་ཏང་གི་འགོ་འཛིན་འདེམས་བསྐོ་ཁྲོད་འགོ་འཛིན་ལ་བདམས་པ་རེད། ཅན་དབྱི་ཝེ་ཡིས་ཨ་པེ་ཤིན་ཟོ་ཡིས་ལྷག་ལུས་ཀྱི་རང་དབང་དམངས་གཙོ་ཏང་གི་འགོ་འཛིན་དུས་ཡུན་ཏེ་2021ལོའི་ཟླ་9པའི་བར་ལས་འགན་འཁུར་རྒྱུ་རེད།