འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་17ཉིན།

༄༅།།2020ལོའི་མཚོ་སྔོན་འབའ་རྫོང“རྫོང་རུ་རྟགས་མའི”མཐོ་སྒང་ཡུལ་ཕྱིའི་རྒྱུག་རྩལ་འགྲན་
བསྡུར་འགོ་ཚུགས་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་17ཉིན། 15:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།2020ལོའི་མཚོ་སྔོན་འབའ་རྫོང“རྫོང་རུ་རྟགས་མའི”མཐོ་སྒང་ཡུལ་ཕྱིའི་རྒྱུག་རྩལ་འགྲན་
བསྡུར་འགོ་ཚུགས་རྒྱུ་རེད།
   མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གསར་འགྱུར་ལྟར་ན། 2020ལོའི་མཚོ་སྔོན་འབའ་རྫོང་“རྫོང་རུ་རྟགས་མའི”མཐོ་སྒང་ཡུལ་ཕྱིའི་རྒྱུག་རྩལ་འགྲན་བསྡུར་ཟླ་9ཚེས་21ཉིན་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབའ་རྫོང་འབའ་མདོ་གྲོང་ཚོ་རུ་མགོ་ཚུགས་རྒྱུ་རེད། 
 འབའ་རྫོང་“རྫོང་རུ་རྟགས་མའི”མཐོ་སྒང་ཡུལ་ཕྱིའི་རྒྱུག་རྩལ་འགྲན་བསྡུར་ནི་བསྟུད་མར་སྐབས་གཉིས་སྤེལ་ཡོད་ཅིང་། མཚོ་སྔོན་ཞིང་ཆེན་གྱིས་ཉེ་བའི་ལོ་འགའི་རིང་གསར་གཏོད་བྱས་པའི་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཡུལ་ཕྱིའི་རྒྱུུུུག་རྩོད་བྱེད་སྒོ་ཞིག་རེད། འགྲན་བསྡུར་དེ་ནི་འབའ་རྫོང་ཁོངས་ཀྱི་རྨ་ཆུའི་འགྲམ་རྒྱུད་འགྲན་ལམ་བྱས་ཡོད་པ་དང་། འགྲན་ཞུགས་པ་དང་གཟིགས་མོ་བ་ཚོས་“དྭངས་གཙང་གི་འབའ་རྫོང་”གི་མཛེས་ལྗོངས་མཐོང་ཐུབ་པ་མ་ཟད། ད་དུང་འབྱུང་ཡུལ་གནས་དེ་ཡིན་པའི་རྫོང་རུ་རིག་གནས་ཉམས་སུ་མྱོང་ཆོག་པ་རེད། 
    ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་མཐོ་སྒང་ཡུལ་ཕྱིའི་རྒྱུག་རྩལ་འགྲན་བསྡུར་ལ་བར་ཐག་སྤྱི་ལེ་38ཀྱི་ཆེད་ལས་ཚོ་ཆུང་དང་བར་ཐག་སྤྱི་ལེ་16གི་མང་ཚོགས་ཚོ་ཆུང་གཉིས་བགོས་ཡོད། ཡུལ་ཕྱིར་རྒྱུག་ཤར་གློད་མོས་པ་ཚོས་རང་ཉིད་ཀྱི་ཆ་རྐྱེན་དང་དགོས་མཁོ་ལྟར་འདེམས་ཆོག་པ་རེད། 
    “‘རྫོང་རུ་རྟགས་མའི’མཐོ་སྒང་ཡུལ་ཕྱིའི་རྒྱུག་རྩལ་འགྲན་བསྡུར་ནི་གསར་དར་ལུས་རྩལ་འགྲན་བསྡུར་ཞིག་ཡིན་པའི་ངོས་ནས། ‘རང་ཉིད་ལ་འགྲན་སློང་དང་རང་ཉིད་ལས་བརྒལ་བའི’སྙིང་སྟོབས་ཁྲོད་རིམ་བཞིན་འཚར་ལོངས་བྱུང་བཞིན་འདུག སྙིང་སྟོབས་འདི་འདྲ་འབའ་རྫོང་ལ་ཁྱབ་ཡོད་པས། འབའ་རྫོང་གི་འཕེལ་རྒྱས་ལ་སྙིང་སྟོབས་དང་སྒུལ་ཤུགས་ཆེན་པོ་སྣོན་ངེས།”ཞེས་འབའ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཝུའུ་ཞའོ་ལིང་གིས་དེ་ལྟར་བཤད། 
    འགྲན་བསྡུར་ཚོགས་ཆུང་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བས་ངོ་སྤྲོད་བྱས་དོན། “འགྲན་བསྡུར་+རིག་གནས་ཡུལ་སྐོར”མཉམ་འདྲེས་ནི་སྐབས་འདིའི་འགྲན་བསྡུར་གྱི་ལྟད་མོ་ཡོད་ས་ཆེ་ཤོས་དང། “རྫོང་རིའི་འབྱུང་གནས། མཛེས་པའི་འབའ་རྫོང་”ཞེས་པའི་ཡུལ་སྐོར་མཚམས་སྦྱོར་སྐབས་གཉིས་པ་དང་མཉམ་དུ་སྤེལ་རྒྱུ་རེད། འགྲན་བསྡུར་གྱི་དམིགས་ཡུལ་ནི་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་རྫོང་རུ་རིག་གནས་འོས་སྦྱོར་བྱས་ནས། མི་སྔར་བས་མང་པོ་ལ་འབའ་རྫོང་རྒྱུུས་ཡོད་པ་བྱ་རྒྱུ་དེ་ཡིན།