འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་16ཉིན།

༄༅།།རེས་སྐོར་གཉིས་པའི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཁག་གཉིས་པས་འགོ་ཁྲིད་
ལས་བྱེད་པ་21ལ་འགན་འཁྲི་བདའ་འདེད་བཏང་།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་16ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་15ཉིན། གསར་འགོད་པས་སྐྱེ་ཁམས་ཁོར་ཡུག་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉིན་ཤས་གོང་རེས་སྐོར་གཉིས་པའི་ཁག་གཉིས་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་7ཚང་མ་གཤམ་དུ་སྐྱོད་པའི་ལས་ཀའི་དུས་རིམ་དུ་སླེབས་ཡོད།
    གཤམ་དུ་སྐྱོད་པའི་ལས་ཀའི་དུས་རིམ་ནང་། ལྟ་ཞིབ་ཚོགས་ཆུང་ཁག་གིས་དུས་མཚམས་གོང་མར་ལྟ་ཞིབ་བྱས་ནས་ཁོང་དུ་ཆུད་པའི་གནས་ཚུལ་དང་དམིགས་སའི་གནད་དོན་གྱི་ཁུངས་སྣེ་གཞིར་བཟུང་། གཞི་རིམ་དང་། འཐབ་ས་དང་པོ། ཡུལ་དངོས་བཅས་སུ་བསྐྱོད་ཅིང་། ལྐོག་བཤེར་ལྐོག་ཞིབ་དང་དངོས་སྡོད་ཞིབ་འཇུག་སོགས་ཀྱི་བྱེད་ཐབས་སྤྱད་དེ་ལས་དོན་སྤེལ་རྒྱུ་རེད། 
    ཟླ་9ཚེས་10ཉིན་བར། ལྟ་ཞིབ་ཚོགས་ཆུང་ཁག་ལ་མང་ཚོགས་ཀྱི་ཁ་པར་དང་ཡིག་བསྐུར་ཐེར་འདོན་ཁག་3809འབྱོར་བ་དང་། གོ་ཆོད་ཐེར་འདོན་3000བདག་སྤྲོད་བྱས་ཡོད། ཐེར་འདོན་བསྐྱར་ཟློས་བྱས་པ་དག་གསེད་ཅིང་ཟླ་སྒྲིལ་བཏང་བ་བརྒྱུད། རིམ་རྩིས་བྱས་ན་ལྟ་ཞིབ་བྱ་ཡུལ་ཚན་པར་གྱོད་གཞི་2731སྒྲུབ་པར་སྒྱུར་སྤྲོད་བྱས། ལྟ་ཞིབ་བྱ་ཡུལ་ཚན་པས་གྱོད་གཞི་289ཞིབ་བཤེར་ཐག་གཅོད་བྱས། དེའི་ནང་གྱོད་གཞི་101ལ་ཆད་པ་བཅད་པ་དང་དངུལ་ཆད་སྒོར་ཁྲི་1243.82བཅད་པ་དང་། གྱོད་གཞི་5ཐོ་འགོད་མྱུལ་ཞིབ་བྱས་ཡོད། ཏང་སྲིད་འགོ་ཁྲིད་ལས་བྱེད་པ་58སྐོང་འདྲི་བྱས་པ་དང་ཏང་སྲིད་འགོ་ཁྲིད་ལས་བྱེད་པ་21ལ་འགན་འཁྲི་བདའ་འདེད་བཏང་ཡོད།