འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་16ཉིན།

༄༅།།རྒྱལ་བཟང་བསོད་ནམས་དར་རྒྱས་བཀྲོངས་མཁན་དོགས་ཡོད་ཉེས་ཅན་ཞིག་བཟུང་། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་16ཉིན། 13:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།རྒྱལ་བཟང་བསོད་ནམས་དར་རྒྱས་བཀྲོངས་མཁན་དོགས་ཡོད་ཉེས་ཅན་ཞིག་བཟུང་།
     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་དྲ་བས་སྤེལ་བའི་གནས་འཕྲིན་ལྟར་ན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་ནས་ཤེས་རྟོགས་བྱུང་གསལ། ཉེ་ཆར། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱིས་“གསར་བརྗེ་གདོང་ལེན་པ”རྒྱལ་བཟང་བསོད་ནམས་དར་རྒྱས་བཀྲོངས་མཁན་དོགས་ཡོད་ཉེས་ཅན་ཞིག་བཟུང་ཡོད་པ་རེད།
གྱོད་གཞི་སྒྲུབ་པའི་མི་དམངས་ཉེན་རྟོག་པས་ངོ་སྤྲོད་བྱས་པ་ལྟར་ན། 1994ལོའི་ཟླ་1ཚེས་8ཉིན། “ཁོར་ཡུག་སྲུང་སྐྱོང་ལས་སྒྲུབ་མི་སྣ”བསོད་ནམས་དར་རྒྱས་ལྐོག་རྔོན་རྒྱག་མཁན་གྱི་མེ་མདའི་འོག་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་བ་རེད། དོགས་ཡོད་ཉེས་ཅན་མང་པོ་ཉེས་ཆད་ལ་སྐྲག་ནས་བྲོས་པ་རེད། གྱོད་གཞི་བྱུང་བ་ནས་ད་བར། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱིས་བྲོས་བྱོལ་སོང་བའི་ཉེས་ཅན་བཟུང་རྒྱུའི་ལས་དོན་གཏན་ནས་བསྐྱུར་མེད། ཉེ་ཆར། སྐབས་དེར་རྒྱལ་བཟང་བསོད་ནམས་དར་རྒྱས་བཀྲོངས་མཁན་དོགས་ཡོད་ཉེས་ཅན་ཞིག་བཟུང་ཡོད།མིག་སྔར། མཱ་ཆེ་གེ་མོ་ཁྲིམས་ལྟར་ཉེས་དོན་གྱི་བཙན་ཐབས་སྤྱད་པ་དང་། གྱོད་གཞི་གོམ་གང་མདུན་སྤོས་ངང་སྒྲུབ་བཞིན་ཡོད། 
   ཨ་ཆེན་གངས་རྒྱབ་ཀྱི་སྐྱེ་ཁམས་ཉམས་ཞན་འགྲོ་བར་དམིགས་ནས། སྐབས་དེར་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པའི་འགན་འཁུར་མཁན་བསོད་ནམས་དར་རྒྱས་ཀྱིས་ཨ་ཆེན་གངས་རྒྱབ་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྒྲིག་གཞི་སྟེ། འབྲི་སྟོད་རྫོང་ནུབ་རྒྱུད་ལས་དོན་ཨུ་ལྷན་འཛུགས་རྒྱུར་སྐུལ་འདེད་བཏང་ཞིང་། བཀའ་ལྟར་ནུབ་རྒྱུད་ལས་དོན་ལྷན་གྱི་ཧྲུའུ་ཅིའི་འགན་འཁུར་བ་རེད། 
   1994ལོའི་ཟླ་1ཚེས་8ཉིན་གྱི་དགོང་མོར། བསོད་ནམས་དར་རྒྱས་དང་རུ་མི་4ཡིས་ཨ་ཆེན་གངས་རྒྱབ་ནས་རྔོན་པ་20བཟུང་བ་དང་། རླངས་འཁོར་7དང་གཙོད་པགས་1800རྩིས་ལེན་བྱས་པ་རེད། དེ་དག་སྐྱེལ་བའི་ལམ་བར་བསོད་ནམས་དར་རྒྱས་དང་བཅས་པར་མི་ངན་གྱི་འཇབ་རྒོལ་ཐེབས། བསོད་ནམས་དར་རྒྱས་ཀྱིས་ཨ་ཆེན་གངས་རྒྱབ་མི་མེད་ལུང་སྟོང་གི་སར་མེ་མདའ་ཐོགས་པའི་རྔོན་པ་ལ་ཁ་གཏད་བཅལ་བས། དྲོད་ཚད་གོར་ཐིག་མན་གྱི་ཏུའུ་40ཡི་སར་རྔོན་པའི་མེ་འདའི་ཁ་ནས་ཚེ་ལ་རྫོགས་ཚིག་བཀོད།
   1996ལོར། དེ་སྔའི་རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོང་ཅུས་དང་། ནགས་ལས་པུའུ་ཡིས་བསོད་ནམས་དར་རྒྱས་ལ་“ཁོར་ཡུག་སྲུང་སྐྱོང་མི་སྣ”ཞེས་པའི་མཚན་སྙན་སྤྲད་པ་རེད། 2018ལོའི་ཟླ་12པར། བསོད་ནམས་དར་རྒྱས་ལ་“གསར་བརྗེ་གདོང་ལེན་པ་”ཞེས་པའི་མཚན་སྙན་སྤྲད་པ་རེད།
བསོད་ནམས་དར་རྒྱས་ཀྱིས་རང་སྲོག་བློས་བཏང་བས་སྤྱི་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱུང་ནས། ཨ་ཆེན་གངས་རྒྱབ་དང་གཙང་གསུམ་ཆུ་འགོའི་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་སྐུལ་འདེད་བཏང་བ་རེད། 1997ལོའི་ཟླ་12པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཡིན་པ་ཆོག་མཆན་གནང་བ་དང་ཡོངས་བསྒྲགས་བྱས་པ་རེད། 2016ལོའི་ལོ་སྟོད་དུ། ཨ་ཆེན་གངས་རྒྱབ་ཡོད་སའི་གཙང་གསུམ་མགོ་ཁུངས་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་སྒྱུར་བཅོས་ཚོད་ལྟའི་ས་ཁུལ་དང་པོར་གཏན་འཁེལ་བྱས་པ་རེད། 2017ལོའི་ཟླ་7པར། ཨ་ཆེན་གངས་རྒྱབ་མངོན་མིན་རིག་གནས་ཤུལ་བཞག་ནང་རེ་ཞུ་ལེགས་འགྲུབ་བྱུང་བ་དང་། ཀྲུང་གོའི་འཛམ་གླིང་གི་རང་བྱུང་ཤུལ་བཞག་ཨང་51པར་གྱུར་བ་རེད།
【1】  【2】
༄༅།།རྒྱལ་བཟང་བསོད་ནམས་དར་རྒྱས་བཀྲོངས་མཁན་དོགས་ཡོད་ཉེས་ཅན་ཞིག་བཟུང་།