འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་16ཉིན།

༄༅།།རིམས་འགོག་གི་ནང་དོན་མཚོན་པའི་བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན《རིམས་ནད་ཁུལ་དུ་སྐྱོད་
མཁན་མཛེས་ཤོས》ཞེས་པ་བསྟན་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་16ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་9ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་བཏོན་པ་དང་སྤྱི་ཁྱབ་ལས་ཁུངས་གློག་བརྙན་བརྙན་འཕྲིན་འཁྲབ་ཚན་དངོས་མཚོན་པར་གཞི་ལྟེ་གནས་དང་། ཀྲུང་གོ་རྒྱལ་སྤྱིའི་བརྙན་འཕྲིན་སྤྱི་ཁྱབ་ཀུང་སི། ཀྲུང་གོ་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ལེ་ཚན་སྤེལ་རེས་ལྟེ་གནས་བཅས་ཀྱིས་བཟོས་པའི་རིམས་འགོག་གི་ནང་དོན་མཚོན་པའི་བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན《རིམས་ནད་ཁུལ་དུ་སྐྱོད་མཁན་མཛེས་ཤོས》ཞེས་པ་ཟླ་9ཚེས་17ཉིན་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ཕྱོགས་བསྡུས་འཕྲིན་ལམ་ནས་བསྟན་རྒྱུ་རེད། ཟླ་9ཚེས་14ཉིན་བརྙན་འཕྲིན་འཁྲབ་ཚན་དེ་ཐོག་མར་སྟོན་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་པེ་ཅིང་དུ་འཚོཌ་ཤིང་། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་དང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ཐའེ་ཀྲང་། 《རིམས་ནད་ཁུལ་དུ་སྐྱོད་མཁན་མཛེས་ཤོས》ཞེས་པའི་བརྙན་འཕྲིན་འཁྲབ་ཚན་གྱི་སྤྱི་ཁྱབ་འགན་ཁུར་བ་ཧྲེང་ཧའེ་ཞུང་གིས་ཡོལ་ཁེབས་ཕྱེ་བ་རེད།