འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་15ཉིན།

༄༅།།ཏུན་ཧོང་གིས་“བསམ་གཟས་ནས་ཡུལ་སྐོར་བར་མགོ་སྐོར་བའི་གསང་སྤྱོད་”སྐོར་ལན་བསློགས་པ། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་15ཉིན། 15:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་14ཉིན། དྲ་གྲོགས་ཤིག་གིས་ཀན་སུའུ་ཏུན་ཧོང་ནས་གསང་སྤྱོད་ཀྱིས་མགོ་བསྐོར་བའི་དོགས་པ་ཡོད་པར་བསྒྲགས། གསང་སྤྱོད་ནི་བྱེ་ཐང་དུ་བསྐྲུན་འདུག  ཡུལ་སྐོར་བས་རླངས་འཁོར་བཏང་ནས་འགྲོ་དུས་རླངས་འཁོར་བྱེ་མའི་ནང་ཟུག་པ་དང་། ལས་བྱེད་མི་སྣས་རླངས་འཁོར་བྱེ་མ་ལས་འདོན་རྒྱུར་གླ་ཆ་མཐོན་པོ་དགོས་པ་བཤད། ཀན་སུའུ་ཞིང་ཆེན་ཏུན་ཧོང་གྲོང་ཁྱེར་ཕྱི་འབྲེལ་དྲིལ་བསྒྲགས་གཞུང་ལས་ཁང་གཞུང་གི་པོད་འཕྲིན་གྱིས་ཚེས་14ཉིན་གནད་དོན་འདིའི་ཐད་དུ་ལན་བསློགས་པ་སྟེ།
ཏུན་ཧོང་གྲོང་ཁྱེར་གྱིས་མཉམ་འབྲེལ་བརྟག་དཔྱད་ཚོགས་ཆུང་བཙུགས་ནས་ཁྲིམས་ལྟར་དོན་དག་དང་འབྲེལ་བ་ཡོད་པའི་གཉེར་སྐྱོང་པར་དེ་མཚུངས་ཀྱི་བརྟག་དཔྱད་བྱས་པ་རེད། མིག་སྔར་འབྲེལ་ཡོད་གཉེར་སྐྱོང་བྱེད་མཁན་ལ་ལས་མཚམས་བཞག་ནས་བཅོས་སྒྲིག་བྱ་རྒྱུའི་བཀའ་བཏང་བ་དང་། ཏུན་ཧོང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་འབྲེལ་ཡོད་དཔང་རྟགས་བསྡུས་ཤིང་། ཁྲིམས་ལྟར་དོན་རྐྱེན་དང་འབྲེལ་བ་ཡོད་པའི་མི་སྣ་འབོད་འགུག་བྱས་ཡོད། གནད་དོན་གཞན་དག་བརྟག་དཔྱད་བྱེད་བཞིན་ཡོད་པས་དུས་ཐོག་ཏུ་ཕྱི་ཕྱོགས་ལ་ཁྱབ་བསྒྲགས་བྱ་རྒྱུ་རེད། མིག་སྔར་ཏུན་ཧོང་གྲོང་ཁྱེར་གྱིས་གྲོང་ཁྱེར་དེ་ཡོངས་ཀྱི་ཡུལ་སྐོར་ལས་རིགས་ཀྱི་སྲིད་འཛིན་ཁྲིམས་འཛིན་ཆེད་དོན་བཅོས་སྒྲིག་ལས་དོན་སྤེལ་ནས་གྲོང་ཁྱེར་དེ་ཡོངས་ཀྱི་ཡུལ་སྐོར་ཚོང་རའི་དོ་དམ་ཆུ་ཚད་མཐོ་རུ་གཏོང་བཞིན་ཡོད་པ་རེད།