འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་15ཉིན།

༄༅།།གངས་ལྗོངས་ས་མཐོར་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རབ་ཏུ་བཞད།

—— ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་ཡི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐོར་གྱི་དངོས་བྲིས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་15ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
འདི་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་ཡི་རྡོ་མཁར་རྫོང་ཡིན་པ།
འདི་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་ཡི་རྡོ་མཁར་རྫོང་ཡིན་པ།
    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། དབྱང་ཅིང་།
   བརྗིད་ཆགས་ཀྱི་གངས་རིའི་སྟེང་བྱ་རྒོད་ཀྱིས་གཤོག་རྩལ་ངོམ་པ་དང་། མཐའ་ཡས་པའི་རྩྭ་ཐང་ཐོག་ཕྱུགས་ཁྱུ་ཅི་དགར་རོལ་བ། ས་ཞིང་གཤིན་པོའི་ནང་ནས་ཀྱི་སྙེ་མ་ཁུར་དུ་དུད་པ་བཅས་ཉམས་དགའ་བ་ཞིག་ཡོད་ཅིང་། བོད་རིགས་དང་། འཇང་རིགས། ལི་སུའུ་རིགས་སོགས་ཀྱི་མང་ཚོགས་བཅས་ཀྱིས་ལོ་ལེགས་བསུ་བར་སྟ་གོན་བྱེད་བཞིན་ཡོད།
ཡུལ་དེ་ནི་མཚོ་བོད་ས་མཐོའི་ཤར་ལྷོའི་མཚམས་ཀྱི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་ཡིན་ལ“ཆུ་བོ་གསུམ་མཉམ་འདྲེས”ཀྱི་ལྟེ་བའི་ས་ཁོངས་ཀྱང་ཡིན། འབྲི་ཆུ་དང་རྫ་ཆུ་སོགས་ཆུ་བོ་མང་པོས་རི་ཚོགས་འཕྲེད་ཀྱིས་བཅད་ནས་རྒྱུག་པ་དང་། ཆུ་བོ་དེ་དག་རང་བྱུང་གི་བགྲོད་ལམ་ལྟ་བུར་གྱུར་པ་དང་འགྲིམ་འགྲུལ་ཧ་ཅང་སྟབས་བདེ་མེད།
ད་ཆ་བདེ་ཆེན་ཀྲོའུ་ཡི་འགྲིམ་འགྲུལ་སོགས་རྨང་གཞིའི་སྒྲིག་བཀོད་ལ་ལེགས་བཅོས་ཆེ་ཙམ་བྱུང་ནས་གནས་དེར་འཚོ་བ་སྐྱེལ་བའི་མི་རིགས་ཁག་གི་མང་ཚོགས་རྣམས་སེ་འབྲུའི་རྡོག་པོ་བཞིན་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ཡོད།
   མི་རིགས་མང་པོ་ཁྱིམ་ཚང་གཅིག་ལྟར་གྱི་ཞི་མཐུན་མན་ངག
    ཆར་དུས་རིམ་གྱིས་ཡོལ་བ་དང་བསྟུན་ནས་བདེ་ཆེན་ཀྲོའུ་བདེ་ཆེན་རྫོང་དུ་ལོ་གཅིག་རིང་གི་དུས་ཚིགས་སྐྱིད་ཤོས་ཤར་བ་དང་། ཡུལ་སྐོར་བ་མི་ཉུང་བ་ཞིག་གི་ཡིད་ཀྱི་བརྟན་པ་འཕྲོགས་ནས་གནས་ཆེན་ཁ་བ་དཀར་པོའི་བརྗིད་ཆགས་མཛེས་སྡུག་ལ་ལྟ་བར་ཡོང་བཞིན་འདུག
    རྒན་ཡོལ་ཞུས་པའི་བོད་རིགས་དགེ་རྒན་བློ་བཟང་ཡར་འཕེལ་ཡང་དུས་ཚིགས་འདི་ལ་ཧ་ཅང་དགའ་པོ་ཡོད་ཅིང་། ཉིན་རེའི་ཞོགས་པར་ཁོང་གྲོང་རྡལ་གྱི་ཨ་ཏུན་ཙི་གནའ་གྲོང་དུ་སྐོར་བ་བརྒྱབ་རྗེས་ཁྱིམ་དུ་ལོག་ནས་སྤགས་ཟ་བ་དང་ཇ་བསྲུབས་མ་འཐུང་གི་ཡོད།
   “ང་ཚོའི་ཁྱིམ་ནི་མི་རིགས་མང་བའི་ཁྱིམ་ཚང་ཆེན་པོ་ཞིག་ཡིན”ངའི་ཨ་ཕ་ནི་ཧུད་རིགས་དང་། ཨ་མ་ནི་བོད་རིགས། གཅེན་མོའི་བཟའ་ཟླ་ནི་རྒྱ་རིགས། གཅུང་མོ་གཉིས་ཀྱི་བཟའ་ཟླ་ནི་སོ་སོར་དབྱིས་རིགས་དང་པའེ་རིགས་བཅས་ཡིན་ཞེས་བློ་བཟང་ཡར་འཕེལ་གྱིས་བཤད། མི་རིགས་མང་པོ་ཇི་ལྟར་མཉམ་གནས་བྱེད་པའི་སྐོར་གླེང་སྐབས་ཁོང་གིས“སྤོ་བོ་དང་རྨོ་བོ་ནི་ནང་མི་ཡོངས་ཀྱི་མིག་དཔེ་ཡིན”པའི་ངོས་འཛིན་བྱེད་ཀྱི་ཡོད།
    སྤོ་བོ་ནི་ཡུལ་དེ་གར་སྐད་གྲགས་ཅུང་ཡོད་པའི་དངུལ་བཟོ་བ་ཞིག་ཡིན་པ་དང་། རྨོ་བོ་ནི་ཧུད་རིགས་ཀྱི་བཟས་རིགས་གཡོས་སྦྱོར་བ་ཡག་པོ་ཞིག་ཡིན། མ་གཞི་བོད་དུ་གཞིས་ཆགས་འདོད་ཡོད་ཀྱང་ཕ་ཡུལ་གྱི་གཉེན་ཉེ་རྣམས་ཀྱིས་ཁོང་ཚོ་དྲན་ནས་འཕྲིན་ཡིག་ཡང་ཡང་བསྐུར་བར་བརྟེན། མཐར་བདེ་ཆེན་རྫོང་དུ་ལོག་ནས་ནང་མི་དང་མཉམ་དུ་འཚོ་བ་བསྐྱལ་བ་རེད།
    བློ་བཟང་ཡར་འཕེལ་གྱིས་ཁྱིམ་ཚང་གཅིག་གི་མིར་གྱུར་པ་ནི་ལས་སླ་པོ་ཞིག་མིན་པར་བརྟེན་ཚང་མས་ཕན་ཚུན་བརྩི་འཇོག་དང་བསྟུན་མཁས་བྱས་ཏེ་ཕར་ཕྱོགས་ཀྱི་ལེགས་ཆ་མང་ཙམ་མཐོང་དགོས་པ་བྱེད་དགོས།
    རྒན་ཡོལ་ཞུས་པའི་དགེ་རྒན་བློ་བཟང་ཡར་འཕེལ་གྱིས་དེ་སྔོན་མི་རིགས་སྣ་ཚོགས་ཀྱི་སློབ་མར་སློབ་ཁྲིད་བྱེད་མྱོང་བ་དང་། མི་རིགས་སློབ་གསོས་ཚང་མ་སྔར་བས་མཐུན་སྒྲིལ་དམ་ཟབ་ཡོང་ལུགས་གཏིང་ཟབ་ཚོར་ཡོད།
   “དངུལ་བཏོན་ནས་སློབ་དེབ་དང་སྨྱུ་གུ་ཉོས་ནས་སློབ་མ་ཚོར་སྤྲད་པ་ཡིན”སློབ་མ་རྣམས་ལ་རོགས་རམ་བྱ་ཆེད་སློབ་གྲྭའི་ནང་ཚལ་ཞིང་ཞིག་གསར་སྦོལ་བྱས་ཏེ་སྔོ་ཚལ་བཏབ་པ་དང་། ཚལ་བཙོངས་པའི་དངུལ་གྱིས་སློབ་མ་རྣམས་ལ་སློབ་སྦྱོང་གི་མཁོ་ཆས་ཀྱང་ཉོས་པ་ཡིན་ཞེས་བློ་བཟང་ཡར་འཕེལ་གྱིས་བཤད།
    “ད་ཆ་དབུལ་བའི་རྐྱེན་གྱིས་སློབ་མས་སློབ་མཚམས་འཇོག་པའི་སེམས་ཁྲལ་བྱེད་དགོས་མེད”སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། རྒྱལ་ཁབ་ཀྱིས་མི་རིགས་ས་ཁུལ་དབུལ་པོར“རྩ་ཆག་གསུམ་དང་ཁ་གསབ་གཅིག”དང“ལོ་བཅུ་བཞིའི་རིང་སློབ་ཡོན་མི་དགོས་པའི་སློབ་གསོ”སོགས་ཀྱི་སྲིད་ཇུས་རིམ་བཞིན་ལག་བསྟར་བྱས་པ་དང་། ཕྲུ་གུ་སྔར་ལས་མང་བར་སློབ་གསོ་ཐོབ་པར་བྱས་ཡོད།
    ཞི་མཐུན་ཡར་རྒྱས་ལས་ས་མཐོའི་མུ་ཏིག་མཚར་སྡུག་རྣམ་པར་བཀྲ
    སེམས་ཀྱི་ཉི་ཟླའི་རྡོ་མཁར་རྫོང་གནའ་གྲོང་ལ་ལོ་1300ལྷག་ཙམ་གྱི་ལོ་རྒྱུས་ཡོད་པ་དང་དེ་ནི་ཡུན་ནན་དང་བོད་དབར་གྱི་ཇ་རྟའི་གནའ་ལམ་གྱི་ས་ཚིགས་གལ་ཆེན་ཞིག་ཡིན། རྡོ་མཁར་རྫོང་གནའ་གྲོང་དུ་སྐྱོད་པས་ན། རྡོ་ལེབ་བཏིང་བའི་ལམ་དང་གཞོགས་གཉིས་ཀྱི་གནའ་ཉམས་དོད་པའི་བོད་བཟོའི་བཟོ་སྐྲུན་ལས་མི་རྣམས་སྔོན་ཆད་ཀྱི་ཡུལ་གྲུ་ཞིག་ལ་སླེབས་འདྲའི་སྣང་བ་སྦྱིན།
     ལོ་79ལ་སླེབས་པའི་ཆི་ཅི་ཀོང་ཆུང་དུས་ནས་གནས་དེ་གར་འཚོ་བ་བསྐྱལ་བས་རྡོ་མཁར་རྫོང་གནའ་གྲོང་དེ་ཞིང་ཐང་གིས་བསྐོར་བའི་རི་གྲོང་ཞིག་ནས་ད་ཆ་འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་དུ་གྱུར་པར་དཔང་པོ་བྱེད་ཐུབ། ཁོང་གིས། དེ་སྔོན་ཁུན་མིང་ལ་ཕྱིན་ན་ཉིན་མང་པོ་འགོར་གྱི་ཡོད་ནའང་ད་ཆ་གནམ་གྲུར་བསྡད་ན་ཆུ་ཚོད་1ཙམ་ལས་འགོར་གྱི་མེད་ཅེས་བཤད།
    དེ་དང་ཆབས་ཅིག ཐུན་མོང་མིན་པའི་མི་རིགས་རིག་གནས་དང་ཡུན་རིང་གི་ཞི་མཐུན་བརྟན་ལྷིང་གི་དབང་གིས། བདེ་ཆེན་ཀྲོའུ་དེ་ཉིད་འཛམ་གླིང་རིམ་པའི་ཡུལ་སྐོར་བྱ་ཡུལ་དུ་གྱུར་ཡོད། རྒྱལ་ཁབ་ཁག་གི་ཡུལ་སྐོར་བ་རྣམས་དེར་ཡུལ་སྐོར་དུ་ཡོང་བར་དགའ་པོ་བྱེད་པ་མ་ཟད་ད་དུང་ཡུལ་སྐོར་བ་ཁག་གཅིག་ཕྱིས་སུ་དེ་གར་གཞིས་ཆགས་ཏེ་དམངས་ཁྱིམ་མགྲོན་ཁང་གཉེར་བ་དང་ཡུལ་ཟོག་སོགས་ཀྱི་ཚོང་རྒྱག་གི་ཡོད།
    བདེ་ཆེན་ཀྲོའུ་རིག་གནས་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ལུའུ་ཀྲི་ཅུན་གྱིས། ན་ནིང་བདེ་ཆེན་ཀྲོའུ་ཡིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་2200ལྷག་ཙམ་ལ་སྣེ་ལེན་ཞུས་པའི་ཁྲོད་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མི་ཐེངས་ཁྲི་བརྒྱ་ཙམ་ཟིན་གྱི་ཡོད་ཅེས་ངོ་སྤྲོད་བྱས།
    རོགས་སྐྱོར་བྱེད་མཁན་ལས་བྱེད་པས་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་བཅངས་པ།
    ལོ་80ཡི་གོང་དམར་དམག་རྒྱང་སྐྱོད་བྱེད་སྐབས་བདེ་ཆེན་བརྒྱུད་དུས་མི་རིགས་མཐུན་སྒྲིལ་གྱི་ས་བོན་བཏབ་པ་དང་། ལོ་80ཡི་རྗེས་ཧྲང་ཧའེ་ནས་ཡོང་བའི་ཁ་གཏད་རོགས་སྐྱོར་ལས་བྱེད་པ་ཁག་རེ་རེས་མི་རིགས་མཐུན་སྒྲིལ་གྱི་གྲུབ་འབྲས་ལ་སྲུང་སྐྱོང་ཏན་ཏིག་བྱས་ཤིང་། ཐོག་མའི་བསམ་འདུན་དང་འགན་འཁྲི་ཕྲག་ཏུ་ཁུར་ནས་བདེ་ཆེན་ཀྲོའུ་དབུལ་པོའི་གནས་ལས་སྒྲོལ་རྒྱུར་ནུས་ཤུགས་ཡོད་རྒུས་རོགས་རམ་བྱས་པ་རེད།
     བདེ་ཆེན་ཀྲོའུ་ནི་རང་རྒྱལ་གྱི“ས་ཁུལ་གསུམ་དང་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་དབུལ་པོར་གཏོགས། 2004ལོར་ཀྲུང་དབྱང་ནས་ཧྲང་ཧའེ་ཡིས་བདེ་ཆེན་ཀྲོའུ་ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུ་ཁ་གསལ་བཟོས་ནས་ཧྲང་ཧའེ་ཅི་ཏིང་ཆུས་དང་། པའོ་ཧྲན་ཆུས། མིན་ཞིང་ཆུས་བཅས་ཀྱིས་བདེ་ཆེན་ཀྲོའུ་བདེ་ཆེན་རྫོང་དང་། ཝེ་ཤིས་རྫོང་། རྒྱལ་ཐང་གྲོང་ཁྱེར་བཅས་ལ་རོགས་སྐྱོར་བྱ་རྒྱུའི་གཏན་འཁེལ་བྱས་ཡོད།
     མིག་སྔར། ཝེ་ཤིས་རྫོང་གི་ཞོག་རྒོད་བསྡུ་བའི་དུས་ཚིགས་སུ་སླེབས་པས། ཝེ་ཤིས་རྫོང་པའེ་ཅི་ཤུན་ཤང་པི་ལོ་གྲོང་ཚོའི་ཧོའུ་ལིར་དགའ་ཚོར་ཆེན་པོ་སྐྱེས་ནས་རྟག་ཏུ་ཞོག་རྒོད་ཚལ་ཞིང་ལ་ལྟ་བར་འགྲོ་གི་ཡོད།
    ཧོའུ་ལིས“ན་ནིང་ཞོག་རྒོད་བཙོངས་ནས་སྒོར་8000རག་བྱུང” ཧྲང་ཧའེ་ཡི་དབུལ་སྐྱོར་ལས་བྱེད་པའི་རོགས་རམ་འོག་ཁོང་ཚོའི་ཁྱིམ་གྱིས་ཞོག་རྒོད་བཏབ་པ་དང་། ད་ཆ་སྒོ་རྩར་ཉོ་བར་ཡོང་མཁན་ཡོད་ལ། གོང་ཚད་ཀྱང་ལྡབ་ཁ་ཤས་འཕར་ཡོད་ཅེས་བརྗོད།
    ལོ་མང་གོང་གི་འཚོ་བར་ཕྱིར་དྲན་བྱེད་སྐབས། ཧོའུ་ལིས་སྔར་བཞིན་དབུགས་རིང་གཏོང་བཞིན། “སྡོད་ཁང་ནི་ཤིང་ཁང་དང་ལམ་ནི་ས་རྡོའི་ལམ་ཡིན། ཞིང་ཁ་བཏབ་ཀྱང་ཡོང་འབབ་ཧ་ལམ་མེད། ཧྲང་ཧའེ་དང་ཡུན་ནན་གྱི་མཉམ་སྒྲུབ་མ་དངུལ་གྱི་རྒྱབ་སྐྱོར་འོག་དེ་སྔའི་ཤིང་ཁང་དེ་དེ་བས་བདེ་འཇགས་ལྡན་ལ་སྲ་ཤིང་བརྟན་པའི་ཁང་པ་ཉིས་ཐོག་ལ་གྱུར་ཡོད”ཅེས་བརྗོད།
     ཧྲང་ཧའེ་ཡི་ཡུན་སྐྱོར་ལས་བྱེད་པ་བདེ་ཆེན་འབྲེལ་གཏུག་ཚོགས་ཆུང་གི་ཙུའུ་ཀྲང་ཧྲའོ་ཅུན་གྱིས། ཧྲང་ཧའེ་ཡིས་སྒོར་ཁྲི་80བཏང་ནས་ཝེ་ཤིས་རྫོང་པི་ལོ་གྲོང་ཚོར་ཞོག་རྒོད་ཐུམ་སྒྲིལ་ཐོན་སྐྱེད་སྒྲུབ་རིམ་གཉེར་རོགས་བྱས་ནས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཆེ་རུ་བཏང་ཡོད་ཅེས་བརྗོད།
     ད་ཆ། བདེ་ཆེན་ཀྲོའུ་ཡི་གྲོང་ཚོ་དབུལ་པོ་ཚང་མར་ཧྲང་ཧའེ་ཡི་ཡུན་སྐྱོར་ལས་བྱེད་པས་རྐང་རྗེས་འཇོག་ཡོད་ཅིང་། ལས་རིགས་ཁག་གི་སེམས་ནུས་གཅིག་སྒྲིལ་འོག་འདི་ལོའི་ཟླ་5པར། བདེ་ཆེན་ཀྲོའུ་ཞིབ་བཤེར་རྩིས་ལེན་ཐོབ་ནས་ཀྲོའུ་ཡོངས་དབུལ་སྒྲོལ་ཐུབ་ཡོད།
    བདེ་ཆེན་ཀྲོའུ་དབུལ་པོ་དབུལ་རྐྱང་ལས་གྲོལ་མོད། ཡིན་ཡང་ཧྲང་ཧའེ་ཡི་ཡུན་སྐྱོར་ལས་བྱེད་པ་ཚོས་ལས་དོན་སྤེལ་མཚམས་བཞག་མེད། ཁོང་ཚོས་གྲོང་ཚོ་དང་དུད་ཚང་དུ་སྐྱོད་པ་དང་། རྣམ་གྲངས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ། དབུལ་པོ་རང་ལོག་གི་ཉེན་ཁ་གྲལ་བཤེར་བཅས་བྱེད་བཞིན་ཡོད།
    ཧྲའོ་ཅུན་གྱིས“ང་ཚོ་ཚང་མ་ཁྱིམ་ཚང་གཅིག་གི་མི་ཡིན། ཚང་མ་འཚོ་བ་ཡག་པོ་ཞིག་སྐྱེལ་ཐུབ་པ་བྱེད་དགོས”ཞེས་བརྗོད་པ་དང་། ཁོང་གིས་ང་ཚོས“བདེ་ཆེན་ཀྲོའུ་ལ་མཁོ་བར་ཧྲང་ཧའེ་ཞིང་ཆེན་གྱིས་ནུས་ཤུཌ་ཡོད་རྒུས་སྤྲོད་རྒྱུ”མུ་མཐུད་མཐའ་འཁྱོངས་བྱས་ཏེ། ཐོན་ལས་དབུལ་སྐྱོར་དང་མཉམ་དུ་འབྱོར་འབྲིང་ཕྱོགས་སུ་སྐྱོད་པ་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་རྒྱུ་ཡིན་ཞེས་བརྗོད་པ་རེད། 
འདི་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་རྒྱལ་ཐང་གྲོང་ཁྱེར་གྱི་རྒན་ཡོལ་ཞུས་པའི་བགྲེས་སོང་ཆི་ཅི་ཀོང་གིས་རྡོ་མཁར་རྫོང་གནའ་གྲོང་ལ་ལྟ་བཞིན་པ།
འདི་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་རྒྱལ་ཐང་གྲོང་ཁྱེར་གྱི་རྒན་ཡོལ་ཞུས་པའི་བགྲེས་སོང་ཆི་ཅི་ཀོང་གིས་རྡོ་མཁར་རྫོང་གནའ་གྲོང་ལ་ལྟ་བཞིན་པ།