མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་དགེ་རྒན་རྣམ་པར་དུས་ཆེན་གྱི་རྟེན་འབྲེལ་ཞུས། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་10ཉིན། 13:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་9ཉིན། དགེ་རྒན་གྱི་དུས་ཆེན་སོ་དྲུག་པ་སླེབས་པའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་མི་སྣར་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།
ཞི་ཅིན་ཕིང་གིས་གློ་བུར་དུ་བྱུང་བའི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་དེ། རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་རྣམས་ཀྱིས་དཀའ་ངལ་ལ་མ་འཛེམ་པར་མདུན་དུ་བསྐྱོད་ནས་རིམས་ནད་ལ་འགོག་རྒོལ་བྱས་པ་དང་“སློབ་མཚམས་བཞག་ཀྱང་སློབ་སྦྱོང་དང་སློབ་ཁྲིད་བྱེད་མཚམས་མི་འཇོག་པའི”འཐབ་ཕྱོགས་གཉིས་ཀྱི་ཐོག་འབད་འཐབ་བྱས་ནས། སློབ་མ་དུང་ཕྱུར་མང་པོའི་ལུས་སེམས་བདེ་ཐང་ལ་སྲུང་སྐྱོབ་དང་། འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་དྲ་ཐོག་སློབ་གསོ་འདེགས་སྐྱོར་བྱས་ནས་རིམས་ནད་ལ་འགོག་རྒོལ་བྱ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ད་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་ཆོད་པར་ལེན་པ་དང་དབུལ་བྲལ་འགག་སྒྲོལ་ཐག་གཅོད་བྱེད་པའི་ལོ་ཡིན། རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་རྣམས་ཀྱིས་གཅེས་སེམས་དང་བློ་གྲོས་ལ་བརྟེན་ནས་དབུལ་ཕོངས་མི་རབས་ནས་མི་རབས་བར་དུ་བརྒྱུད་པའི་རྒྱུན་བཅད་ནས། གྲོང་གསེབ་ཀྱི་བྱིས་པ་ཁྲི་སྟོང་མང་པོའི་མི་ཚེའི་ཕུགས་འདུན་མངོན་འགྱུར་བྱས་ཏེ། དེང་རབས་མི་དམངས་དགེ་རྒན་གྱི་བླ་ན་མེད་པའི་དགེ་རྒན་གྱི་ཀུན་སྤྱོད་དང་འགན་འཁྲི་འཁུར་སེམས་མཚོན་ཡོད། རྒྱ་ཆེའི་དགེ་རྒན་རྣམས་ཀྱིས་ཀུན་སྤྱོད་ལ་བརྟེན་ནས་ཐོག་མའི་བསམ་འདུན་མི་བརྗེད་པ་བྱེད་དགོས། ཏང་ལ་མི་གསོ་སྐྱོང་དང་རྒྱལ་ཁབ་ལ་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས་དུས་རབས་གསར་པའི་སློབ་གསོ་དང་སློབ་ཁྲིད་བྱེད་ཐབས་འཚོལ་ཞིབ་ཧུར་ཐག་དང་། དཔེ་ཁྲིད་ལ་བརྟེན་ནས་སློབ་བུ་སྐྱོང་བའི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་གསུངས།

  
style="display:none;"