འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་10ཉིན།

༄༅།།མཚོ་སྔོན་གྱིས་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་བཀོད་སྒྲིག་བྱ་ཡུལ་གྱི་ངལ་ནུས་ལས་ཞུགས་གཞན་སྒྱུར་
བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་10ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་9ཚེས་7ཉིན་གློག་འཕྲིན་འབྱོར་གསལ། འདི་ལོ་ཚུན་དུ་མཚོ་སྔོན་ཞིང་ཆེན་གྱིས་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་གྱི་མང་ཚོགས“གཞིས་ཆགས་ཐུབ་པ་དང་། ལས་ཞུགས་ཐུབ་པ། རིམ་བཞིན་ཕྱུག་པོ་ཆགས་ཐུབ་པ”བཅས་ལ་སྣེ་ཁྲིད་དང་རོགས་རམ་བྱས་ཤིང་། མིག་སྔའི་བར། ཞིང་ཆེན་ཡོངས་ཀྱི་གནས་སྤོས་མི་འབོར་དབུལ་པོ་800ཡན་གྱི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་ཆེ་འབྲིང་26ཚང་མར་སྤྱི་པའི་ལས་ཞུགས་ཞབས་འདེགས་ས་ཚིགས(སྐར་ཁུང)བཙུགས་ནས“གཅིག་འཐུས་རྣམ་པའི”ལས་ཞུགས་ཞབས་འདེགས་མཁོ་འདོན་བྱས་ཡོད།
    བརྟག་དཔྱད་མཐིལ་རྟོགས་དང་། ལས་ཞུགས་ཞབས་ཞུའི་མ་ལག་འཛུགས་པ། དྲ་ཐོག་དྲ་ཕྱིའི་ལས་མི་བསྡུ་བའི་བྱེད་སྒོ་གཉེར་བ། ལས་ཞུགས་གཞན་སྒྱུར་སྒྲིག་འཛུགས་སོགས་བྱེད་ཐབས་སྣ་ཚོགས་བརྒྱུད། མཚོ་སྔོན་ཞིང་ཆེན་གྱིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་བཀོད་སྒྲིག་བྱ་ཡུལ་གྱི་རྗེས་མཐུད་རོགས་སྐྱོར་ལ་ཤུགས་སྣོན་བརྒྱབ་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། རིམ་ཁག་སྤྱི་པའི་ལས་ཞུགས་ཞབས་ཞུའི་སྒྲིག་གཞི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་བཀོད་སྒྲིག་བྱ་ཡུལ་དང་དེ་བཞིན་ཤང་དང་གྲོང་རྡལ་དང་གྲོང་ཚོའི་ལས་དོན་ཁང་དུ་བསྐྱོད་ནས་དྲ་ཐོག་དྲ་ཕྱིའི་ལས་མི་བསྡུ་བའི་འདུ་ཚོགས་ཐེངས་245གཉེར་བ་དང་མི་སྤྱོད་ཚན་པ(ཁེ་ལས)1595སྒྲིག་འཛུགས་བྱས་ནས་ལས་གནས་42493བཏོད་པ་དང་ལས་ཞུགས་འདོད་མོས་གྲོས་མཐུན་8562བཞག་ཡོད།
    གཞན་ཡང་། ཤང་དང་གྲོང་རྡལ་དང་། གྲོང་ཚོ་ཨུ་ལྷན་གཉིས། གྲོང་སྡོད་དབུལ་སྐྱོར་ལས་བྱེད་པ། བཀོད་སྒྲིག་བྱ་ཡུལ་གྱི་ཞབས་ཞུའི་མི་སྣ་བཅས་ལ་བརྟེན་པ་དང་འབྲེལ་ཡོད་སྡེ་ཚན་གྱིས་དུད་ཚང་དུ་བརྟག་དཔྱད་དང་། ཆ་འཕྲིན་བསྡུར་བ། གྲངས་གཞི་མཉམ་སྤྱོད་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཞིང་ཆེན་ཡོངས་སུ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་བཀོད་སྒྲིག་བྱ་ཡུལ་གྱི་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་གནས་ཚུལ་མཐིལ་རྟོགས་དང་ངལ་རྩོལ་ནུས་ཤུགས་སྣ་ཚོགས་ཀྱི་ལས་ཞུགས་ནུས་པ་དང་། ལས་ཞུགས་འདུན་པ། གསོ་སྦྱོང་དགོས་མཁོ་བཅས་ཁོང་དུ་ཆུད་པར་བྱས་ནས་བཀོད་སྒྲིག་བྱ་ཡུལ་གྱི་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་གཞན་སྒྱུར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་རེད།