འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་9ཉིན།

༄༅།།“དོམ་ཁྲའི་སློབ་ཁང·སློབ་འགོ་ཚུགས་པའི་སློབ་ཚན་དང་པོ”སི་ཁྲོན་རྔ་པ་དང་དཀར་མཛེས་
སོགས་ཀྱི་སློབ་གྲྭ་ཁག་ཏུ་ཁྲིད་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་09ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། “དོམ་ཁྲའི་སློབ་ཁང·སློབ་འགོ་ཚུགས་པའི་སློབ་ཚན་དང་པོ”སི་ཁྲོན་ཞིང་ཆེན་ལེང་ཧྲན་ཀྲོའུ་དང་། རྔ་པ་ཀྲོའུ། དཀར་མཛེས་ཀྲོའུ་བཅས་ས་ཁུལ་གསུམ་གྱི་དོམ་ཁྲ་འཚོ་སྡོད་ཁུལ་གྱི་སློབ་གྲྭ་3ལ་དུས་གཅིག་ཏུ་འཚོགས་པར་ཁྱོན་སློབ་མ་200ཞུགས་ཡོད།
    ད་ཐེངས་ཀྱི“དོམ་ཁྲའི་སློབ་ཁང·སློབ་འགོ་ཚུགས་པའི་སློབ་ཚན་དང་པོ”ནི“སྣོད་བཅུད་ཀྲུང་གོའི་དོམ་ཁྲའི་Eཁྱིམ་ཚང”གི་ཚན་རིག་ཁྱབ་གདལ་སློབ་གསོའི་རིམ་སྤེལ་བྱེད་སྒོའི་གྲུབ་ཆ་ཞིག་རེད། ཀྲུང་གོའི་དོམ་ཁྲ་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས་ཀྱི་སྒྲོག་འགྲེལ་ཚོགས་པ་དང་ཀྲུང་གོའི་དོམ་ཁྲ་ཚན་རིག་ཁྱབ་གདལ་སློབ་གྲྭའི་མནའ་འབྲེལ་ལ་བརྟེན་ནས་བཙུགས་པའི་དོམ་ཁྲའི་ཚན་རིག་ཁྱབ་གདལ་དང་བླངས་སྒྲོག་འགྲེལ་ཚོགས་པས་དོམ་ཁྲའི་འབྲེལ་ཡོད་ཤེས་བྱ་ཁྱབ་གདལ་གཏོང་བ་དང་། སྟོངས་ལ་ཉེ་བའི་རྩ་ཆེའི་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་བྱེད་པའི་གལ་ཆེའི་རང་བཞིན་བརྒྱུད་སྤེལ་བྱས་ཏེ“དོམ་ཁྲར་སྲུང་སྐྱོང་བྱེད་པར་ང་ཚོས་བྱ་སྤྱོད་སྤེལ་བཞིན་ཡོད”ཅེས་པའི་སྤྱི་ཕན་གྱི་འདུ་ཤེས་བརྒྱུད་སྤྲོད་བྱས་པ་རེད།