འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་8ཉིན།

༄༅།།“རྒྱལ་སྤྱིའི་དམག་དོན་འགྲན་བསྡུར —2020ལོ”མཇུག་འགྲིལ་བ།

ཀྲུང་གོའི་རུ་ཁག་ལ“ཐན་ཁེའི་རྣམ་གྲངས་གཉིས”ཀྱི་ ཨང་གཉིས་པ་ཐོབ་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་08ཉིན། 09:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མོ་སི་ཁོ་ནས་ཟླ་9ཚེས་6ཉིན་གློག་འཕྲིན་འབྱོར་གསལ། “རྒྱལ་སྤྱིའི་དམག་དོན་འགྲན་བསྡུར——2020ལོ”མཇུག་འགྲིལ་བའི་མཛད་སྒོ་ཚེས་5ཉིན་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོའི་གྲོང་འདབས་ཀྱི“རྒྱལ་གཅེས་པའི”སྤྱི་གླིང་དུ་སྤེལ་བ་རེད། ཉིན་དེར་སྤེལ་བའི“ཐན་ཁེའི་རྣམ་གྲངས་གཉིས”ཀྱི་མཐའ་བསྡུར་ནང་ཀྲུང་གོའི་རུ་ཁག་ལ་ཨང་གཉིས་པ་ཐོབ་ཡོད།
   “ཐན་ཁེའི་རྣམ་གྲངས་གཉིས”ཀྱི་མཐའ་བསྡུར་མོ་སི་ཁོའི་ཨ་ལ་པི་ནུའོ་ཡི་ཚ་ཁ་ལྟ་སར་སྤེལ་བ་དང་། འདི་ནི“རྒྱལ་སྤྱིའི་དམག་དོན་འགྲན་བསྡུར——2020ལོའི”འགྲན་བསྡུར་མཐའ་མ་དེ་རེད། ཨུ་རུ་སུའི་རུ་ཁག་གིས་ཆུ་ཚོད་1དང་སྐར་མ་28སྐར་ཆ་53གྱི་གྲུབ་འབྲས་ཐོག་ནས་ཨང་དང་པོ་བླངས་པ་དང་། ཀྲུང་གོའི་རུ་ཁག་གིས་ཆུ་ཚོད་1དང་སྐར་མ་29སྐར་ཆ་29ཡི་གྲུབ་འབྲས་ཐོག་ནས་ཨང་གཉིས་པ་བླངས་ཏེ་ཀྲུང་གོའི་རུ་ཁག“ཐན་ཁེའི་རྣམ་གྲངས་གཉིས”ཀྱི་མཐའ་བསྡུར་ནང་ཞུགས་པའི་གྲུབ་འབྲས་ཡག་ཤོས་བཏོད་པ་རེད།