མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་2020ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་ཉོ་ཚོང་ཚོགས་འདུའི་གོ་ལ་ཧྲིལ་པོའི་
ཞབས་ཞུའི་ཚོང་དོན་གྱི་དབུ་ཚོགས་ཐོག་ཤིས་ཚིག་སྒྲོན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་06ཉིན། 09:55】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

འདི་ནི་ཟླ་9ཚེས་4ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2020ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་ཉོ་ཚོང་ཚོགས་འདུའི་གོ་ལ་ཧྲིལ་པོའི་ཞབས་ཞུའི་ཚོང་དོན་གྱི་དབུ་ཚོགས་ཐོག་ཤིས་ཚིག་སྒྲོན་པ།

འདི་ནི་ཟླ་9ཚེས་4ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2020ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་ཉོ་ཚོང་ཚོགས་འདུའི་གོ་ལ་ཧྲིལ་པོའི་ཞབས་ཞུའི་ཚོང་དོན་གྱི་དབུ་ཚོགས་ཐོག་ཤིས་ཚིག་སྒྲོན་པ།

     ■ མིག་སྔར་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་རིམས་ནད་ཕྱོགས་ཡོངས་ནས་ཚོད་འཛིན་ཐུབ་མེད་པ་ལས། རྒྱལ་ཁབ་ཁག་ཚང་མར་རིམས་ནད་སྔོན་འགོག་དང་། དཔལ་འབྱོར་བརྟན་པོ། དམངས་འཚོ་འགན་ལེན་བཅས་ཀྱི་དཀའ་ཚེགས་ཆེ་བའི་ལས་འགན་འཕྲད་ཡོད། རྒྱབ་ལྗོངས་འདིའི་འོག་ཀྲུང་གོས་དཀའ་ངལ་མཐའ་དག་ཁྱད་བསད་བྱས་ཏེ། རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་བྱེད་སྒོ་གལ་ཆེན་འདི་སྤེལ་བའི་དམིགས་ཡུལ་ནི། ཚང་མ་དང་མཉམ་དུ་འབད་བརྩོན་དང་དུས་སྐབས་ཀྱི་དཀའ་གནད་ཁྱད་བསད་བྱས་ནས་གོ་ལ་ཧྲིལ་པོའི་ཞབས་ཞུའི་ཚོང་དོན་དར་རྒྱས་གོང་འཕེལ་ཡོང་བར་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ། འཛམ་གླིང་གི་དཔལ་འབྱོར་གང་མགྱོགས་སླར་གསོ་ཐུབ་པར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། གཞན་ཡང་། གོ་སྐབས་དེ་དང་བསྟུན་ནས་ལས་སྟེགས་དང་སྦྲེལ་ཟམ་བསྐྲུན་ཏེ། རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཞབས་ཞུའི་ཚོང་དོན་ཁྱབ་ཁོངས་ཀྱི་འཕེལ་རྒྱས་གསར་པ་དང་ཚད་བརྒལ་གསར་པ་གང་ལེགས་མངོན་པ་དང་། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཡར་ཐོན་གྱི་ལག་རྩལ་གསར་པ་དང་གྲུབ་འབྲས་གསར་པ་ཐུན་མོང་ཐོག་ལོངས་སུ་སྤྱོད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཚེས་4ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2020ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་ཉོ་ཚོང་ཚོགས་འདུའི་གོ་ལ་ཧྲིལ་པོའི་ཞབས་ཞུའི་ཚོང་དོན་གྱི་དབུ་ཚོགས་ཐོག་ཤིས་ཚིག་བསྒྲོན་པ་རེད།
     ཞི་ཅིན་ཕིང་གིས་ཤིས་ཚིག་ནང་གསུངས་དོན། འདས་ཟིན་པའི་ཟླ་ཤས་རིང་། ཀྲུང་གོ་མི་དམངས་ཀྱིས་རྒྱལ་ཁབ་ཁག་གི་མི་དམངས་དང་མཉམ་དུ་ཕན་ཚུན་རྒྱབ་སྐྱོར་དང་ཕན་ཚུན་རོགས་རམ་བྱས་ཏེ། ཐུན་མོང་ཐོག་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་དང་རིམས་ནད་ལས་བྱུང་བའི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་འཇལ་བའི་ཐད་དཀའ་སྤྱད་འབད་བརྩོན་བྱས་ཡོད། མིག་སྔར་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་རིམས་ནད་ཕྱོགས་ཡོངས་ནས་ཚོད་འཛིན་ཐུབ་མེད་པ་ལས། རྒྱལ་ཁབ་ཁག་ཚང་མར་རིམས་ནད་སྔོན་འགོག་དང་། དཔལ་འབྱོར་བརྟན་པོ། དམངས་འཚོ་འགན་ལེན་བཅས་ཀྱི་དཀའ་ཚེགས་ཆེ་བའི་ལས་འགན་འཕྲད་ཡོད། རྒྱབ་ལྗོངས་འདིའི་འོག་ཀྲུང་གོས་དཀའ་ངལ་མཐའ་དག་ཁྱད་བསད་བྱས་ཏེ། རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་བྱེད་སྒོ་གལ་ཆེན་འདི་སྤེལ་བའི་དམིགས་ཡུལ་ནི། ཚང་མ་དང་མཉམ་དུ་འབད་བརྩོན་དང་དུས་སྐབས་ཀྱི་དཀའ་གནད་ཁྱད་བསད་བྱས་ནས། གོ་ལ་ཧྲིལ་པོའི་ཞབས་ཞུའི་ཚོང་དོན་དར་རྒྱས་གོང་འཕེལ་ཡོང་བར་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ། འཛམ་གླིང་གི་དཔལ་འབྱོར་གང་མགྱོགས་སླར་གསོ་ཐུབ་པར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། གཞན་ཡང་། གོ་སྐབས་དེ་དང་བསྟུན་ནས་ལས་སྟེགས་དང་སྦྲེལ་ཟམ་བསྐྲུན་ཏེ། རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཞབས་ཞུའི་ཚོང་དོན་ཁྱབ་ཁོངས་ཀྱི་འཕེལ་རྒྱས་གསར་པ་དང་ཚད་བརྒལ་གསར་པ་གང་ལེགས་མངོན་པ་དང་། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཡར་ཐོན་གྱི་ལག་རྩལ་གསར་པ་དང་གྲུབ་འབྲས་གསར་པ་ཐུན་མོང་ཐོག་ལོངས་སུ་སྤྱོད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མིག་སྔར་འཛམ་གླིང་ལ་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་བྱུང་བཞིན་ཡོད། ཏོག་གསར་གློ་ཚད་རིམས་ནད་གོ་ལ་ཧྲིལ་པོར་མཆེད་པ་ལས་འགྱུར་ལྡོག་ཆེན་པོ་དེ་འགྲོ་མགྱོགས་སུ་བཏང་བ་དང་། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་འགོག་རྐྱེན་འཕྲད་པ། སྲུང་སྐྱོང་རིང་ལུགས་དང་ཕྱོགས་རྐྱང་རིང་ལུགས་མང་དུ་སོང་བ། འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་དུ་སོང་བ། རྒྱལ་སྤྱིའི་ཚོང་དོན་དང་མ་འཇོག་ཧ་ཅང་ཉུང་དུ་ཕྱིན་པ། མིའི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བར་སྔར་བྱུང་མ་མྱོང་བའི་འགྲན་སློང་དང་ཚོད་བགམ་འཕྲད་ཡོད། དེ་དང་དུས་མཚུངས། ཉེ་བའི་ལོ་ཤས་རིང་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་འགྲོ་འགོ་ཚུགས་ནས་གྲངས་འཛིན་ལག་རྩལ་ཤུགས་དྲག་ཆེན་པོས་གོང་འཕེལ་འགྲོ་རྒྱུར་སྐུལ་ཁྲིད་བྱས་པ་དང་། ཐོན་ལས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་བ། ཞབས་ཞུའི་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་ཐུབ་པ་བཅས་ང་ཚོས་མཐོང་ཐུབ་པ་བྱེད་དགོས། ད་ཐེངས་ཀྱི་རིམས་ནད་གོ་ལ་ཧྲིལ་པོར་མཆེད་རིང་། རྒྱང་ཁྲིད་སྨན་བཅོས་དང་། དྲ་ཐོག་སློབ་གསོ། མཉམ་སྤྱོད་ལས་སྟེགས། གཞུང་དོན་མཉམ་སྒྲུབ། རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་སོགས་ཀྱི་ཞབས་ཞུ་རྒྱ་ཁྱབ་ངང་བཀོལ་སྤྱོད་ཐུབ་ནས། རྒྱལ་ཁབ་ཁག་གི་དཔལ་འབྱོར་བརྟན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་ཐོན་ཡོད། མ་འོངས་པར་བསམ་བློ་བཏང་ན། ཞབས་ཞུའི་ལས་རིགས་ཀྱི་སྒོ་དབྱེ་མཉམ་ལས་དེ་ཉིད་ཉིན་རེ་ལས་མ་འདས་པར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་འགྱུར་བཞིན་ཡོད།
     ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་ཞབས་ཞུའི་ལས་རིགས་སྒོ་འབྱེད་ཁྲོད་ཀྱི་པེ་ཅིང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་ཐུབ་ཕྱིར། པེ་ཅིང་གིས་རྒྱལ་ཁབ་ཀྱི་ཞབས་ཞུའི་ལས་རིགས་སྒོ་དབྱེ་རྒྱ་ཆེར་གཏོང་བའི་ཕྱོགས་བསྡུས་དཔེ་སྟོན་ཁུལ་བསྐྲུན་པར། ང་ཚོས་རྒྱབ་སྐྱོར་བྱས་ཏེ་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་ཤུགས་ཆེ་རུ་བཏང་ནས། འདྲ་བཟོ་དང་ཁྱབ་གདལ་གཏོང་ཆོག་པའི་ཉམས་མྱོང་དེ་བས་མང་བ་འཚོལ་ཞིབ་བྱ་རྒྱུ་དང་། ཚན་རྩལ་གསར་གཏོད་དང་། ཞབས་ཞུའི་ལས་རིགས་སྒོ་འབྱེད། གྲངས་འཛིན་དཔལ་འབྱོར་བཅས་ཁྱད་ཆོས་གཙོ་བོར་བྱས་པའི་རང་མོས་ཚོང་དོན་ཚོད་ལྟ་ཁུལ་བཙུགས་ཏེ། པེ་ཅིང་དང་། ཐེན་ཅིན། ཧོ་པེ་གསུམ་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་ཆུ་ཚད་མཐོ་བའི་སྒོ་འབྱེད་ལས་སྟེགས་བསྐྲུན་ནས། རིམ་པ་སྔར་ལས་མཐོ་བའི་སྒྱུར་བཅོས་སྒོ་དབྱེའི་རྣམ་པ་གསར་པ་ཆགས་པར་སྐུལ་ཁྲིད་བྱ་རྒྱུ་ཡིན།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། གློ་བུར་དུ་ཐོན་པའི་ཏོག་གསར་གློ་ཚད་རིམས་ནད་དེས་དུས་སྐབས་ཤིག་རིང་ང་ཚོ་མཉམ་འཛོམས་ལ་བར་ཆད་བཏང་མོད། འོན་ཀྱང་ཞབས་ཞུའི་ཚོང་དོན་འཕེལ་རྒྱས་གཏོང་བའི་གོམ་སྟབས་བཀག་འགོག་བྱེད་མི་ཐུབ་ལ། མཉམ་དུ་མདུན་སྐྱོད་དང་མཉམ་ལས་གཉིས་ཁེ་ཡོང་བའི་ང་ཚོའི་ཡིད་ཆེས་དང་བྱ་སྤྱོད་ལའང་དེ་བས་བཀག་འགོག་བྱེད་མི་ཐུབ། ང་ཚོས་ཕྱར་བ་གྲུ་འདེགས་དང་མཉམ་དུ་མདུན་སྐྱོད་བྱས་ཏེ། གོམ་སྟབས་བརྟན་པོས་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་དཀའ་ཚེགས་ཆེ་བའི་དུས་སྐབས་འདི་ལས་སྒྲོལ་ཐུབ་པ་བྱས་ནས་འཛམ་གླིང་གི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་བསུ་དགོས།

འདི་ནི་ཟླ་9ཚེས་4ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2020ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་ཉོ་ཚོང་ཚོགས་འདུའི་གོ་ལ་ཧྲིལ་པོའི་ཞབས་ཞུའི་ཚོང་དོན་གྱི་དབུ་ཚོགས་ཐོག་ཤིས་ཚིག་སྒྲོན་པ།
འདི་ནི་ཟླ་9ཚེས་4ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2020ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་ཉོ་ཚོང་ཚོགས་འདུའི་གོ་ལ་ཧྲིལ་པོའི་ཞབས་ཞུའི་ཚོང་དོན་གྱི་དབུ་ཚོགས་ཐོག་ཤིས་ཚིག་སྒྲོན་པ།

  
style="display:none;"