མི་དམངས་དྲ་བ།

༄༅༎དུས་རབས་གསར་པར་རླབས་ཆེན་གྱི་རི་འགོག་དམག་འཁྲུག་གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་ནས་
ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱེད་དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་05ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཟླ་9ཚེས་3ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་བཞུགས་མོལ་ཚོགས་འདུ་འཚོགས་ནས། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་75འཁོར་བར་དྲན་གསོ་ཞུས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་བཞུགས་མོལ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

ཟླ་9ཚེས་3ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་བཞུགས་མོལ་ཚོགས་འདུ་འཚོགས་ནས། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་75འཁོར་བར་དྲན་གསོ་ཞུས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་བཞུགས་མོལ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

༄༅༎ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱིས་བཞུགས་མོལ་ཚོགས་འདུ་འཚོགས་ནས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་75འཁོར་བར་དྲན་གསོ་ཞུས་པ། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྐབས།
དུས་རབས་གསར་པར་རླབས་ཆེན་གྱི་རི་འགོག་དམག་འཁྲུག་གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱེད་དགོས་པའི་ནན་བཤད་གནང་བ།
ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། དབང་དབྱང་བཅས་ཕེབས་པ། ཝང་ཧུའུ་ཉིང་གིས་གཙོ་སྐྱོང་གནང་བ།
     ■ རི་འགོག་དམག་འཁྲུག་གི་རླབས་ཆེ་བའི་བརྒྱུད་རིམ་ནང་། ཀྲུང་གོ་མི་དམངས་ཀྱིས་རླབས་ཆེན་གྱི་རི་འགོག་དམག་འཁྲུག་གི་སྙིང་སྟོབས་སྐྱེད་སྲིང་བྱས་ཏེ། འཛམ་གླིང་ལ་རྒྱལ་ཁབ་དར་རྒུད་ཇི་ཡོང་དེ། སྐྱེ་བོ་ཀུན་ལ་འགན་འཁྲི་ཡོད་པའི་རྒྱལ་གཅེས་ཀྱི་བརྩེ་སེམས་དང་། འཆི་བ་ཡུལ་ལོག་བཞིན་དང་ཤི་ཡང་མགོ་མི་སྒུར་བའི་མི་རིགས་ཀྱི་ལ་རྒྱ། གཏུམ་དྲག་ལ་མི་སྐྲག་པ་དང་དམར་འཛིང་མཐའ་འཁྱོལ་བྱེད་པའི་དཔའ་བོའི་བློ་སྟོབས། ལན་བརྒྱ་ཕམ་རུང་དཔའ་མི་ཞུམ་པ་དང་བློ་བརྟན་འགྱུར་མེད་ཀྱི་རྒྱལ་ཁ་འཐོབ་ངེས་ཀྱི་དད་སེམས་བཅས་མཚོན་པར་བྱས་ཡོད། རླབས་ཆེན་གྱི་རི་འགོག་དམག་འཁྲུག་གི་སྙིང་སྟོབས་ནི་ཀྲུང་གོ་མི་དམངས་ཀྱི་བསམ་པའི་རྒྱུ་ནོར་ཧ་ཅང་རྩ་ཆེན་ཞིག་ཡིན་པས། ཀྲུང་གོ་མི་དམངས་ཀྱིས་དཀའ་ངལ་དང་ཉེན་ཁ་སྣ་ཚོགས་ཁྱད་བསད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་འབད་འཐབ་བྱེད་ཆེད་ནམ་ཡང་སྐུལ་མ་གཏོང་ངེས་ཡིན།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་3ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱིས་མི་དམངས་ཚོགས་ཁང་ཆེ་མོར་བཞུགས་མོལ་ཚོགས་འདུ་འཚོགས་ནས། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་75འཁོར་བར་དྲན་གསོ་ཞུས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་རི་འགོག་དམག་འཁྲུག་གི་རླབས་ཆེ་བའི་བརྒྱུད་རིམ་ནང་། ཀྲུང་གོ་མི་དམངས་ཀྱིས་རླབས་ཆེན་གྱི་རི་འགོག་དམག་འཁྲུག་གི་སྙིང་སྟོབས་སྐྱེད་སྲིང་བྱས་ཏེ། འཛམ་གླིང་ལ་རྒྱལ་ཁབ་དར་རྒུད་ཇི་ཡོང་དེ། སྐྱེ་བོ་ཀུན་ལ་འགན་འཁྲི་ཡོད་པའི་རྒྱལ་གཅེས་ཀྱི་བརྩེ་སེམས་དང་། འཆི་བ་ཡུལ་ལོག་བཞིན་དང་ཤི་ཡང་མགོ་མི་སྒུར་བའི་མི་རིགས་ཀྱི་ལ་རྒྱ། གཏུམ་དྲག་ལ་མི་སྐྲག་པ་དང་དམར་འཛིང་མཐའ་འཁྱོལ་བྱེད་པའི་དཔའ་བོའི་བློ་སྟོབས། ལན་བརྒྱ་ཕམ་རུང་དཔའ་མི་ཞུམ་པ་དང་བློ་བརྟན་འགྱུར་མེད་ཀྱི་རྒྱལ་ཁ་འཐོབ་ངེས་ཀྱི་དད་སེམས་བཅས་མཚོན་པར་བྱས་ཡོད། རླབས་ཆེན་གྱི་རི་འགོག་དམག་འཁྲུག་གི་སྙིང་སྟོབས་ནི་ཀྲུང་གོ་མི་དམངས་ཀྱི་བསམ་པའི་རྒྱུ་ནོར་ཧ་ཅང་རྩ་ཆེན་ཞིག་ཡིན་པས། ཀྲུང་གོ་མི་དམངས་ཀྱིས་དཀའ་ངལ་དང་ཉེན་ཁ་སྣ་ཚོགས་ཁྱད་བསད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་འབད་འཐབ་བྱེད་ཆེད་ནམ་ཡང་སྐུལ་མ་གཏོང་ངེས་ཡིན་ཞེས་ནན་བཤད་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། དབང་དབྱང་བཅས་བཞུགས་མོལ་ཚོགས་འདུར་ཕེབས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཝང་ཧུའུ་ཉིང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
     ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། དེ་རིང་ང་ཚོ་འདི་གར་འདུ་འཛོམས་གཟབ་རྒྱས་བྱས་ཏེ་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་75འཁོར་བར་དྲན་གསོ་ཞུ་རྒྱུ་ཡིན། ལོ་75ཡི་གོང་གི་དེ་རིང་། ཀྲུང་གོ་མི་དམངས་ཀྱིས་འཛམ་གླིང་མི་དམངས་དང་མཉམ་དུ། ཞུམ་པ་མེད་པའི་བློ་སྟོབས་དང་དཔའ་ངར་ཞུམ་མེད་ཀྱི་འཐབ་རྩོད་ལ་བརྟེན་ནས་ཧྥ་ཤི་སི་རིང་ལུགས་ཕམ་ཉེས་སུ་མཐར་ཕྱིན་པ་བཏང་བས།  དྲང་བདེན་ངན་པ་ལས་རྣམ་པར་རྒྱལ་བ་དང་། འོད་ཟེར་མུན་ནག་ལས་རྣམ་པར་རྒྱལ་བ། ཡར་ཐོན་ལོག་སྤྱོད་ལས་རྣམ་པར་རྒྱལ་བ་བཅས་ཀྱི་རླབས་ཆེན་རྒྱལ་ཁ་ཐོབ་ཡོད། ལོ་75ཡི་གོང་གི་དེ་རིང་། ཀྲུང་གོ་མི་དམངས་ཀྱིས་ལོ་14ཡི་རིང་དཔའ་ངར་ཞུམ་མེད་ཀྱིས་ཁྲག་བཏོན་དམར་འཛིང་བྱས་ཏེ་གདུག་རྩུབ་ཤིན་ཏུ་ཆེ་བའི་རི་པིན་དམག་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་པ་ཕམ་ཉེས་བཏང་བས། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རླབས་ཆེན་གྱི་རྒྱལ་ཁ་ཐོབ་ཡོད། འདི་ནི་ཉེ་རབས་ཚུན་དུ། ཀྲུང་གོ་མི་དམངས་ཀྱིས་ཕྱི་དགྲའི་བཙན་འཛུལ་ལ་འགོག་རྒོལ་བྱས་པའི་དུས་ཡུན་རིང་ཤོས་དང་། གཞི་ཁྱོན་ཆེ་ཤོས། རང་སྲོག་བློས་གཏོང་མང་ཤོས་བཅས་ཀྱི་མི་རིགས་བཅིངས་འགྲོལ་གྱི་འཐབ་རྩོད་ཅིག་ཡིན་ལ། རྒྱལ་ཁ་ཡོངས་སུ་ཐོབ་ཐེངས་དང་པོའི་མི་རིགས་བཅིངས་འགྲོལ་གྱི་འཐབ་རྩོད་ཅིག་ཀྱང་ཡིན། རླབས་ཆེན་གྱི་རྒྱལ་ཁ་འདི་ནི། ཀྲུང་ཧྭ་མི་རིགས་ཉེ་རབས་ཚུན་དུ་ཉམས་ཉེན་ཚབས་ཆེན་གྱི་གནས་སུ་ལྷུངས་བ་ནས་རླབས་ཆེན་བསྐྱར་དར་ཕྱོགས་སུ་བསྐྱོད་པའི་ལོ་རྒྱུས་ཀྱི་ཁ་ཕྱོགས་སྒྱུར་མཚམས་ཤིག་དང་། འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་གྲུབ་ཆ་གལ་ཆེན་ཞིག ཀྲུང་གོ་མི་དམངས་ཀྱི་རྒྱལ་ཁ་ཞིག འཛམ་གླིང་མི་དམངས་ཀྱི་རྒྱལ་ཁ་ཞིག་བཅས་རེད། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་གི་རླབས་ཆེན་རྒྱལ་ཁ་འདི་ནམ་ཡང་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་དེབ་ཐེར་ནང་འཁོད་ངེས་ཡིན་ལ། མིའི་རིགས་ཀྱི་དྲང་བདེན་བྱ་གཞག་གི་ལོ་རྒྱུས་དེབ་ཐེར་ནང་དུའང་ནམ་ཡང་འཁོད་ངེས་རེད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱི་ཚབ་ཞུས་ནས། རྒྱལ་ཡོངས་ཀྱི་རི་འགོག་དམག་འཁྲུག་ནང་ཞུགས་མྱོང་བའི་འཐབ་འཛིང་པ་རྒན་གྲས་དང་། བློ་མཐུན་རྒན་གྲས། རྒྱལ་གཅེས་མི་སྣ། རི་འགོག་དམག་དཔོན་བཅས་དང་དེ་བཞིན་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ཆེད་ལོ་རྒྱུས་ཀྱི་བྱས་རྗེས་བཞག་པའི་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ལ་བླ་ན་མེད་པའི་གུས་འདུད་ཞུས་པ་དང་། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱབ་སྐྱོར་དང་རོགས་རམ་བྱེད་མྱོང་བའི་ཕྱི་རྒྱལ་གྱི་སྲིད་གཞུང་དང་རྒྱལ་སྤྱིའི་གྲོགས་པོ་རྣམས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ། རྒྱལ་ཁའི་ཆེད་དུ་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་བའི་དཔའ་བོ་ཡོད་ཚད་དང་། བཙན་འཛུལ་པས་དམར་གསོད་བཏང་ནས་གྲོངས་མཁན་ལ་མྱ་ངན་ཟབ་མོ་ཞུས་པ་རེད།
      ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བ་བྱེད་པར། ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས། ངེས་པར་དུ་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས། ངེས་པར་དུ་འཐབ་རྩོད་ཀྱི་སྙིང་སྟོབས་མཐའ་འཁྱོངས། ངེས་པར་དུ་བློ་བརྟན་འགྱུར་མེད་ངང་ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བཅས་བྱེད་དགོས། མི་སུ་ཞིག་དང་ཕྱོགས་གཏོགས་གང་རུང་ཞིག་གིས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ལ་འཁྱོག་བཤད་དང་། ཀྲུང་གོ་གུང་ཁྲན་ཏང་གི་ངོ་བོ་དང་དམིགས་ཡུལ་ལ་དམའ་འབེབས་གཏོང་བའི་རེ་ངན་འཆང་རིགས་ལ་ཀྲུང་གོ་མི་དམངས་ཚང་མས་ཁས་གཏན་ནས་ལེན་མི་སྲིད། མི་སུ་ཞིག་དང་ཕྱོགས་གཏོགས་གང་རུང་ཞིག་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ལ་འཁྱོག་བཤད་དང་འགྱུར་ལྡོག་གཏོང་བ་དང་། ཀྲུང་གོ་མི་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་རླབས་ཆེན་གྱི་གྲུབ་འབྲས་ཁས་མི་ལེན་པ་དང་དམའ་འབེབས་གཏོང་བའི་རེ་ངན་འཆང་རིགས་ལ་ཀྲུང་གོ་མི་དམངས་ཚང་མས་ཁས་གཏན་ནས་ལེན་མི་སྲིད། མི་སུ་ཞིག་དང་ཕྱོགས་གཏོགས་གང་རུང་ཞིག་གིས་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཁ་ཕྲལ་དུ་གཏོང་བ་དང་ཁ་གཏད་དུ་ལངས་སུ་འཇུག་རྒྱུའི་རེ་ངན་འཆང་རིགས་ལ་ཀྲུང་གོ་མི་དམངས་ཚང་མས་ཁས་གཏན་ནས་ལེན་མི་སྲིད། མི་སུ་ཞིག་དང་ཕྱོགས་གཏོགས་གང་རུང་ཞིག་གིས་བཙན་པོ་དབང་ཡོད་ཀྱི་བྱེད་ཐབས་བརྒྱུད་ཁོ་པ་ཚོའི་འདོད་བློ་ཀྲུང་གོར་བཙན་འགེལ་དང་། ཀྲུང་གོའི་མདུན་སྐྱོད་ཀྱི་ཁ་ཕྱོགས་སྒྱུར་བ། ཀྲུང་གོ་མི་དམངས་ཀྱིས་རང་ཉིད་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པའི་འབད་བརྩོན་ལ་འགོག་རྐྱེན་བཟོ་བ་བཅས་ཀྱི་རེ་ངན་འཆང་རིགས་ལ་ཀྲུང་གོ་མི་དམངས་ཚང་མས་ཁས་གཏན་ནས་ལེན་མི་སྲིད། མི་སུ་ཞིག་དང་ཕྱོགས་གཏོགས་གང་རུང་ཞིག་གིས་ཀྲུང་གོ་མི་དམངས་ཀྱི་ཞི་བདེའི་འཚོ་བ་དང་འཕེལ་རྒྱས་ཀྱི་དབང་ཆར་གཏོར་བཤིག་དང་། ཀྲུང་གོ་མི་དམངས་དང་རྒྱལ་ཁབ་གཞན་དག་གི་མི་དམངས་དབར་གྱི་སྤེལ་རེས་མཉམ་ལས་ལ་གཏོར་བཤིག མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་ན་མེད་པའི་བྱ་གཞག་ལ་གཏོར་བཤིག་བཅས་གཏོང་བའི་རེ་ངན་འཆང་རིགས་ལ་ཀྲུང་གོ་མི་དམངས་ཀྱིས་ཁས་གཏན་ནས་ལེན་མི་སྲིད་ཅེས་གསུངས་པ་རེད།

  
style="display:none;"