མི་དམངས་དྲ་བ།

༄༅༎ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་
ལོ་75འཁོར་བར་དྲན་གསོ་ཞུས་པ། རི་འགོག་དམག་འཁྲུག་གི་སྔོན་གཤེགས་དཔའ་བོར་
མེ་ཏོག་སི་ར་འབུལ་བའི་མཛད་སྒོ་པེ་ཅིང་དུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་05ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཟླ་9ཚེས་3ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དྲན་གསོ་ཁང་དུ་ཕེབས་ནས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་75འཁོར་བར་དྲན་གསོ་ཞུས་ནས་རི་འགོག་དམག་འཁྲུག་གི་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོར་ཞུགས་པ་རེད། འདི་ནི་ཞི་ཅིན་ཕིང་གིས་མེ་ཏོག་སི་རའི་ཐོག་གི་དར་འཛར་ལེགས་སྒྲིག་གནང་བཞིན་པ།

ཟླ་9ཚེས་3ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དྲན་གསོ་ཁང་དུ་ཕེབས་ནས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་75འཁོར་བར་དྲན་གསོ་ཞུས་ནས་རི་འགོག་དམག་འཁྲུག་གི་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོར་ཞུགས་པ་རེད། འདི་ནི་ཞི་ཅིན་ཕིང་གིས་མེ་ཏོག་སི་རའི་ཐོག་གི་དར་འཛར་ལེགས་སྒྲིག་གནང་བཞིན་པ།

     ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་བཅས་མཛད་སྒོར་ཕེབས་པ། 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ལོ་རྒྱུས་བློ་ལ་ངེས་ནས་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ། ཞི་བདེར་གཅེས་སྤྲས་ལྡབ་བརྒྱ་བྱས་ནས་འབྱུང་འགྱུར་གཏོད་པར་འབད། ཟླ་9ཚེས་3ཉིན་གྱི་སྔ་དྲོ། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་75འཁོར་བར་དྲན་གསོ་ཞུས་ནས་རི་འགོག་དམག་འཁྲུག་གི་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོ་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དྲན་གསོ་ཁང་དུ་འཚོགས་པ་རེད། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་བཅས་ལས་རིགས་ཁག་གི་འཐུས་མི་དང་ལྷན་དུ་མཛད་སྒོར་ཞུགས་པ་རེད།
     པེ་ཅིང་ནུབ་འདབས་ཀྱི་ལུའུ་ཀོའུ་ཟམ་པའི་འགྲམ་གྱི་ཝན་ཕིང་གྲོང་དུ་གནས་པའི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དྲན་གསོ་ཁང་བརྗིད་ཉམས་ལྡན་པ་ཞིག་ཡོད་ཅིང་། དྲན་གསོ་ཁང་མདུན་གྱི་ཐང་ཆེན་ཐོག་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བ་དང་། “རང་བཙན་རང་དབང་གི་བྱས་རྗེས་གཟེངས་རྟགས”ཀྱི་འཇིམ་རྐོས་དེ་ཧ་ཅང་མངོན་གསལ་དོད་པོ་ཡོད། དྲན་གསོ་ཁང་གི་གཞུང་སྒོའི་སྒང་དུ“ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་75འཁོར་བར་དྲན་གསོ་ཞུ”ཞེས་པའི་འཕྲེད་འགེལ་སྦྱར་ཡིག་བཀལ་ཡོད། རྒྱལ་སྒོའི་གཡས་གཡོན་དུ་རྔམ་བརྗིད་ལྡན་པའི་དམག་གསུམ་གཟབ་སྦྲེང་དམག་གིས་མེ་མདའ་བཟུང་ནས་ཀྲོང་ངེར་ལངས་ཡོད་པ་རེད།
     ཆུ་ཚོད་9དང་སྐར་མ་57ཐོག ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་དེ་གར་ཕེབས་ཤིང་། ཞི་ཅིན་ཕིང་སོགས་ཀྱིས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དྲན་གསོ་ཁང་མདུན་ངོས་ཀྱི་སྟེགས་བུའི་ཐོག་གུས་སྟབས་ཀྱིས་བཞེངས་པ་རེད། རི་འགོག་དམག་འཁྲུག་ནང་ཞུགས་མཁན་འཐབ་འཛིང་པ་རྒན་གྲས་དང་། རི་འགོག་དམག་འཁྲུག་གི་དམག་དཔོན་གྱི་གཉེན་ཉེའི་འཐུས་མི། རི་འགོག་དམག་འཁྲུག་གི་སྔོན་གཤེགས་དཔའ་བོའི་ནང་མིའི་འཐུས་མི། ཀྲུང་
     གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པར་ལེགས་སྐྱེས་འབུལ་མཁན་རྒྱལ་སྤྱིའི་གྲོགས་པོ་འདས་པོའི་ནང་མིའི་འཐུས་མི། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་གི་འཐུས་མི། རྒྱལ་སའི་ལས་རིགས་ཁག་གི་མང་ཚོགས་ཀྱི་འཐུས་མི་བཅས་དྲན་གསོ་ཁང་ལ་ཁ་ཕྱོགས་ནས་གུས་སྟབས་ཀྱིས་ལངས་ཡོད་པ་རེད།
     རྒྱལ་གླུ་བླངས་རྗེས། ཚོགས་ར་ཡོངས་ཀྱི་མི་རྣམས་གུས་སྟབས་ཀྱིས་ལངས་ཏེ་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ནང་དཔའ་ངར་ཆེན་པོས་རང་སྲོག་བློས་གཏོང་མཁན་སྔོན་གཤེགས་དཔའ་བོར་ངག་བསྡམས་ནས་མྱ་ངན་ཞུས་པ་རེད།
     ངག་བསྡམས་ནས་མྱ་ངན་ཞུས་རྗེས། དམག་མིའི་རོལ་ཆ་ཚོགས་པས་བརྩེ་སེམས་ཟབ་པའི《མེ་ཏོག་འབུལ་བའི་རོལ་དབྱངས》དཀྲོལ་གཏོང་བྱས་པ་དང་། གུས་དམག་14ཡིས་མེ་ཏོག་སི་ར་7ཡར་བཀྱགས་ཏེ། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དྲན་གསོ་ཁང་གི་ཚོམས་ཆེན་མདུན་མར་དལ་བུར་བསྐྱོད་ནས། ཀྲུང་ཧྭ་མི་རིགས་ཀྱིས་མཐུན་སྒྲིལ་བྱས་ནས་རི་འགོག་དམག་འཁྲུག་རྒྱག་པ་མཚོན་པའི་འབུར་བརྐོས་ཆེ་གྲས《ཟངས་གྱང་ལྕགས་རྩིག》མདུན་དུ་མེ་ཏོག་སི་ར་བཞག་པ་རེད།
     ཞི་ཅིན་ཕིང་སོགས་ཀྱིས་རྡོ་བཀྱག་ཐོག་དལ་བུར་འཛེགས་ནས། དྲན་གསོ་ཁང་གི་ཚོམས་ཆེན་མདུན་མར་ཕེབས་ནས་མེ་ཏོག་སི་རར་གཟབ་ནན་ངང་གཟིགས་པ་རེད། མེ་ལྟར་དམར་བའི་ཡང་ལཱ་དམར་པོ་དང་། རྣམ་པར་བཀྲ་བའི་སྣ་མའི་མེ་ཏོག དྲི་ཞིམ་འཐུལ་བའི་ལུག་མཉེ་མེ་ཏོག་བཅས་ལས་རི་འགོག་དམག་འཁྲུག་གི་སྔོན་གཤེགས་དཔའ་བོར་སེམས་གཏིང་ནས་དྲན་གསོ་ཞུ་བ་དང་བླ་ན་མེད་པའི་གུས་འདུད་ཞུ་ལུགས་མཚོན་གྱི་ཡོད་པ་རེད།
     ཞི་ཅིན་ཕིང་མདུན་དུ་ཕེབས་ནས་མེ་ཏོག་སི་རའི་ཐོག་གི་དར་འཛར་ལེགས་སྒྲིག་ཞིབ་ཕྲ་གནང་བ་རེད།
     དེ་རྗེས། འགོ་ཁྲིད་བློ་མཐུན་གཞན་དག་དང་ལས་རིགས་ཁག་གི་འཐུས་མི་རིམ་པ་བཞིན་དྲན་གསོ་ཁང་དུ་ཕེབས་ཏེ་མེ་ཏོག་ཕུལ་བ་རེད།

  
style="display:none;"