འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་6ཉིན།

༄༅༎ཨ་རིའི་རྒྱལ་ཚོགས་ཀྱི་སྔོན་རྩིས་གཞུང་དོན་ཁང་གིས་བསྟན་དོན།  སྲིད་གཞུང་གི་བུ་ལོན་2021གི་ནོར་སྲིད་ལོ་GDPལས་བརྒལ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་04ཉིན། 15:43】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་ཟླ་9ཚེས་2ཉིན་ཨ་རིའི་ཝ་ཧྲིང་ཐོན་ནས་པར་བླངས་པའི་རྒྱལ་ཚོགས་ཀྱི་ཐོག་བརྩེགས་ཁང་ཆེན་ཡིན་པ།
འདི་ནི་ཟླ་9ཚེས་2ཉིན་ཨ་རིའི་ཝ་ཧྲིང་ཐོན་ནས་པར་བླངས་པའི་རྒྱལ་ཚོགས་ཀྱི་ཐོག་བརྩེགས་ཁང་ཆེན་ཡིན་པ།
     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་ཝ་ཧྲིང་ཐོན་ནས་གློག་འཕྲིན་འབྱོར་གསལ། ཨ་རིའི་རྒྱལ་ཚོགས་ཀྱི་སྔོན་རྩིས་གཞུང་དོན་ཁང་གིས་ཚེས་2ཉིན་ཁྱབ་བསྒྲགས་བྱས་པའི་སྙན་ཞུ་ལྟར་ན། ཏོག་གསར་གློ་ཚད་རིམས་ནད་ཀྱི་རྐྱེན་གྱིས་སྲིད་གཞུང་གི་གཏོང་སྒོ་འཕར་བ་དང་ཡོང་འབབ་ཆག་པས་སྤྱི་དམངས་ཀྱིས་ཉར་བའི་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་བུ་ལོན་གྱི་གཞི་ཁྱོན་2021གི་ནོར་སྲིད་ལོ་“2020ལོའི་ཟླ་10ཚེས་1ཉིན་ནས་2021ལོའི་ཟླ་9ཚེས་30ཉིན་བར)རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)ལས་བརྒལ་རྒྱུ་རེད།  དེ་སྔོན་གྱི་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་བུ་ལོན་གྱི་ཚད་གཞི་དེ་དཔལ་འབྱོར་ཐོན་སྐྱེད་ཀྱི་གཞི་ཁྱོན་ལས་བརྒལ་བ་ནི་1946ལོར་ཡིན།
    སྙན་ཞུའི་ནང་རིམས་ནད་ཐོན་པའི་རྐྱེན་གྱིས་དཔལ་འབྱོར་བྱེད་སྒོ་མཚམས་ཆད་པ་དང་འབྲེལ་རྒྱལ་ཚོགས་ཀྱིས་གཞི་ཁྱོན་ཆེ་བའི་ནོར་སྲིད་ཀྱི་ཁ་གཏད་གཅོག་ཐབས་འདོན་རྒྱུར་སྐུལ་འདེད་བཏང་བས་སྔོན་དཔག་བྱས་ན་2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་ཨ་སྒོར་དུང་ཕྱུར་ཁྲི་3.3ཟིན་རྒྱུ་རེད། དེ་ནི2019ཡི་ནོར་སྲིད་ལོའི་ལྡབ་གསུམ་ལྷག་ཙམ་རེད། 2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་གིས་GDPཡི་བསྡུར་གྲངས་བཟུང་ཚད་16%ཟིན་ནས་1945ལོ་ཚུན་གྱི་མཐོ་ཤོས་ཡིན་པ་དང་། 2021གི་ནོར་སྲིད་ལོའི་བསྡུར་ཚད་དེ་8.6%བར་ཆག་རྒྱུ་རེད་ཅེས་འཁོད་ཡོད།
     སྙན་ཞུའི་ནང་། སྤྱི་དམངས་ལ་ཡོད་པའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་བུ་ལོན་གྱིས་2020ཡི་ནོར་སྲིད་ལོ་GDPཡི་98%ཟིན་ནས་རིམས་ནད་མ་ཐོན་གོང་གི་2019ཡི་ནོར་སྲིད་ལོའི་79%ལས་ཆེས་ཆེར་མཐོ་བ་ཡོད་པ་དང་། བསྡུར་ཚད་འདི་2021གི་ནོར་སྲིད་ལོ་100%ལས་བརྒལ་རྒྱུ་དང་། 2023གྱི་ནོར་སྲིད་ལོ་107%བར་འཕར་རྒྱུ། 2030ཡི་ནོར་སྲིད་ལོ་109%ཟིན་རྒྱུ་རེད་ཅེས་སྔོན་དཔག་བྱས་ཡོད།
     རིམས་ནད་ཀྱི་ཕོག་ཐུག་ལ་ཁ་གཏད་གཅོག་ཆེད་ཟླ་3པ་ནས་བཟུང་། ཨ་རིའི་རྒྱལ་ཚོགས་ཀྱིས་བསྡོམས་འབོར་ཨ་སྒོར་དུང་ཕྱུར་ཁྲི་3ཙམ་ཟིན་པའི་དཔལ་འབྱོར་དཀའ་སེལ་གྱི་ཁྲིམས་གཞི་བཏོན་ནས་ནད་དུག་ཞིབ་དཔྱད་ཚད་ལེན་དང་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་ལ་རྒྱབ་སྐྱོར་བྱེད་པ་དང་། ཁེ་ལས་དང་མི་སྒེར་ལ་རྒུད་སྐྱོབ་འདོན་སྤྲོད་བྱེད་པ་དང་དེ་བཞིན་མངའ་སྡེ་དང་ས་གནས་སྲིད་གཞུང་ལ་རོགས་སྐྱོར་འདོན་སྤྲོད་བྱེད་པ་བཅས་ལ་སྤྱད་ཡོད། རིམས་ནད་རྒྱུན་མཐུད་ངང་མཆེད་པ་དང་དཔལ་འབྱོར་འདམ་རྫབ་ནང་ལྷུང་བར་དམིགས་ནས་རྒྱལ་ཚོགས་ཀྱིས་རེས་སྐོར་གསར་པའི་ནོར་སྲིད་རོགས་སྐྱོབ་ཇུས་གཞི་འདོན་རྩིས་ཡོད་པ་རེད།
     ཨ་རིའི་ཏང་ཤོག་ལས་བརྒལ་བའི་ཞིབ་འཇུག་སྒྲིག་གཞི“འགན་འཁུར་བའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་འཛུགས་རྒྱུ་བརྩོན་ལེན་ཨུ་ཡོན་ལྷན་ཁང”གིས་དེ་ཉིན་གསལ་བསྒྲགས་སྤེལ་ནས་བསྟན་དོན། སྲིད་གཞུང་གི“འགན་མི་འཁུར་བའི”ཁྲལ་བསྡུ་དང་གཏོང་སྒོའི་སྲིད་ཇུས་དང་། རྒྱུན་ཆད་མེད་པར་འཕར་བའི་སྨན་བཅོས་དང་ལས་འཁྱུར་ངལ་གསོའི་མ་གནས། དེ་བཞིན་རིམས་ནད་ལ་ཁ་གཏད་གཅོག་ཆེད་འཕར་བའི་ནོར་སྲིད་ཀྱི་གཏོང་སྒོ་བཅས་ལ་བསམ་གཞིག་བྱས་ན་ཨ་རིའི་ནོར་སྲིད་གནས་ཚུལ་མུ་མཐུད་སྡུག་ཏུ་འགྲོ་རྒྱུ་རེད།
འདི་ནི་ཟླ་9ཚེས་2ཉིན་ཨ་རིའི་ཝ་ཧྲིང་ཐོན་ནས་པར་བླངས་པའི་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ལྷན་གྱི་སྤྱི་ཁྱབ་པུའུ་ཡིན་པ།
འདི་ནི་ཟླ་9ཚེས་2ཉིན་ཨ་རིའི་ཝ་ཧྲིང་ཐོན་ནས་པར་བླངས་པའི་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ལྷན་གྱི་སྤྱི་ཁྱབ་པུའུ་ཡིན་པ།