འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་4ཉིན།

༄༅།།བོད་དུ་རྒྱལ་ཡོངས་ཀྱི་འཛད་སྤྱོད་དབུལ་སྐྱོར་ཐོན་རྫས་རིགས་ཁག་185ཟིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་04ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ● རྒྱལ་ཡོངས་ཀྱི་འཛད་སྤྱོད་དབུལ་སྐྱོར་ཐོན་རྫས་རིགས་ཁག་185ངོས་འཛིན་དང་རེ་ཞུ་བྱས་པ།
   ● འཛད་སྤྱོད་དབུལ་སྐྱོར་གྱི་ཕྱིར་ཚོང་དངུལ་གྲངས་སྒོར་དུང་ཕྱུར་1.05ཟིན་པ།
   ● དབུལ་སྐྱོར་ཐོན་རྫས་རིགས་ཁག་71རྒྱལ་ཡོངས་ཀྱི་འཛད་སྤྱོད་དབུལ་སྐྱོར་ཐོན་རྫས་ཀྱི་མིང་གཞུང་དུ་བཅུག་ཡོད།
   ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་9ཚེས་1ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཟླ་9ཚེས་1ཉིན། ལྷ་སར་གཉེར་བའི་བོད་ཀྱི་འཛད་སྤྱོད་དབུལ་སྐྱོར་ཟླ་བའི་བྱེད་སྒོ་ནས་ཤེས་རྟོགས་བྱུང་བར། རྒྱལ་ཁབ་ཀྱིས་འཛད་སྤྱོད་དབུལ་སྐྱོར་གྱི་ལས་ཀ་བཀོད་སྒྲིག་བྱས་ཚུན། བོད་ཀྱིས་ཐོན་ལས་དབུལ་སྐྱོར་དང་། དྲ་རྒྱའི་དབུལ་སྐྱོར། དྲ་ཐོག་ཚོང་དོན་གྱི་དབུལ་སྐྱོར་བཅས་ལ་སྐུལ་འདེད་རྒྱུན་ཆད་མེད་པར་བཏང་བ་མ་ཟད། ད་དུང་རྒྱལ་ཡོངས་ཀྱི་འཛད་སྤྱོད་དབུལ་སྐྱོར་ཐོན་རྫས་རིགས་ཁག་185ངོས་འཛིན་དང་རེ་ཞུ་བྱས་པར་རིམ་རྩིས་ལྟར་ན། ཕྱིར་ཚོང་དངུལ་གྲངས་སྒོར་དུང་ཕྱུར་1.05ཟིན་ནས་འཛད་སྤྱོད་དབུལ་སྐྱོར་ལས་དོན་གྱི་གྲུབ་འབྲས་ཡག་པོ་ཐོབ་ཡོད།
    མིག་སྔར། བོད་ཀྱི་ས་ཁུལ་ཁག་གིས་སྐྱེད་སྲིང་བྱས་པའི་དབུལ་སྐྱོར་ཐོན་ལས་ཐོན་འབབ་ལེགས་པའི་དུས་སུ་སླེབས་མོད། འོན་ཀྱང་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་ནས། ལྷོ་ཁ་གྲོང་ཁྱེར་ཚུད་པའི་བོད་སྨན་གྱི་སྨན་རྫས་དང་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་གི་བྲ་བོ་སོགས་རྒྱལ་ཡོངས་ཀྱི་འཛད་སྤྱོད་དབུལ་སྐྱོར་ཐོན་རྫས་བྲིན་ཁ་མི་རྒྱུག་པའི་ཉེན་ཁ་ཆེ་རུ་ཕྱིན་ཡོད། དེའི་ཐད། བོད་ཀྱི་ས་གནས་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་འཛད་སྤྱོད་དབུལ་སྐྱོར་བྱ་ཐབས་མི་འདྲ་བ་བཏོན་པ་རེད། ལྷ་ས་གྲོང་ཁྱེར་གྱིས་ཐོན་ལས་ཀྱི་ཚད་ལྡན་མ་ལག་འཛུགས་སྐྲུན་ལ་དམ་འཛིན་གྱིས། དྲ་ཐོག་ཚོང་དོན་གྱི་ཞབས་ཞུའི་མ་ལག་བསྐྲུན་ནས། ད་ཆའི་བར་རྒྱལ་ཡོངས་ཀྱི་འཛད་སྤྱོད་དབུལ་སྐྱོར་ཐོན་རྫས་ཕྱིར་ཚོང་བྱེད་ཚད་ཁྲི་7000ལྷག་ཙམ་ཟིན་པ་དང་། དབུལ་སྐྱོར་ཐོན་རྫས་རིགས་ཁག་71རྒྱལ་ཡོངས་ཀྱི་འཛད་སྤྱོད་དབུལ་སྐྱོར་ཐོན་རྫས་ཀྱི་མིང་གཞུང་དུ་བཅུག་ཡོད། ཆབ་མདོ་གྲོང་ཁྱེར་གྱིས་སྡེ་ཚན་དང་ཚོང་འགུགས་མ་འདྲེན་གྱི་ཁེ་ལས་ཁག་གཅིག་སྒྲིག་འཛུགས་བྱས་ཏེ། དབུལ་སྐྱོར་ཐོན་རྫས་ཉོ་སྒྲུབ་བྱས་པ་དང་འབྲེལ། བོད་སྐྱོར་ཞིང་ཆེན་དང་། གྲོང་ཁྱེར། ཁེ་ལས་དང་མཐུན་སྦྱོར་བྱས་ནས་ཁ་གཏད་རོགས་སྐྱོར་རྫོང(ཆུས)དབར་ཡུན་རིང་བརྟན་པོའི་དབུལ་སྐྱོར་ཐོན་རྫས་ཕྱིར་ཚོང་གི་འབྲེལ་བ་བཙུགས་པ་དང་། འདི་ལོའི་ཟླ་དང་པོ་ནས་ཟླ་བརྒྱད་པ་བར། གྲོང་ཁྱེར་ཡོངས་ཀྱིས་ས་ཆ་དེ་གའི་ཕྱིར་ཚོང་དབུལ་སྐྱོར་ཐོན་རྫས་མ་དངུལ་སྒོར་ཁྲི་1400ལྷག་ཙམ་རི་བ་ཉོ་སྒྲུབ་བྱས་ཡོད།