འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་4ཉིན།

༄༅༎ཀན་སུའུ་ནས་མཚོ་སྔོན་མདོ་ལ་རྫོང་བར་གྱི་གཞུང་ལམ་གྱི་མཚོ་སྔོན་དུམ་བུར་སྣུམ་ནག་ལམ་བཏིང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་04ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཟླ་9ཚེས་2ཉིན་ཀྲུང་གོ་ལྕགས་ལམ་ཅུས་བཞི་པས་སྐྲུན་འགན་འཁུར་བའི་G213ཀན་སུའུ་ཞིང་ཆེན་སུའུ་ནན་རྫོང་ནས་མཚོ་སྔོན་ཞིང་ཆེན་མདོ་ལ་རྫོང་བར་གྱི་གཞུང་ལམ་གྱི་མཚོ་སྔོན་དུམ་བུར་དངོས་སུ་སྣུམ་ནག་ལམ་འདིང་འགོ་ཚུགས་ཏེ་སང་ལོའི་ཟླ་6པར་ལམ་ཐིག་ཧྲིལ་པོར་དུས་བཀག་ལྟར་རླངས་འཁོར་ཤར་གཏོང་ཐུབ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།
     ཀན་སུའུ་ནས་མདོ་ལ་རྫོང་བར་གྱི་གཞུང་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་62.77ཟིན་པ་དང་ཀན་སུའུ་ཞིང་ཆེན་སུའུ་ནན་རྫོང་ནས་འགོ་བཙུགས་ཏེ་མཇུག་སྣེ་དེ་མཚོ་སྔོན་གྱི་ལམ་ཐིག་S215དང་སྦྲེལ་ནས་མདོ་ལ་རི་བོ་བརྒལ་ཡོད། དེ་ཆ་སྙོམས་ས་བབ་སྨི་4000ཡན་གྱི་མཐོ་གྲང་ཁུལ་དུ་གནས་ཡོད། དེ་ནི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་ལམ་གལ་ཆེན་ཞིག་རེད།