འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་3ཉིན།

༄༅།།བོད་ལྗོངས་གྲོང་གསེབ་གསར་གཏོད་ལས་གཏོད་རྣམ་གྲངས་ཀྱི་བློ་གསར་འགྲན་བསྡུར་སྐབས་བཞི་
བ་ལྷ་སར་སྤེལ་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་03ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་ལྗོངས་གྲོང་གསེབ་གསར་གཏོད་ལས་གཏོད་རྣམ་གྲངས་ཀྱི་བློ་གསར་འགྲན་བསྡུར་སྐབས་བཞི་
བ་ལྷ་སར་སྤེལ་བ།
   མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་1ཉིན། “ཞིང་ལས་དངུལ་ཁང་བུམ་པ་”ཞེས་པའི་བོད་རང་སྐྱོང་ལྗོངས་གྲོང་གསེབ་གསར་གཏོད་ལས་གཏོད་རྣམ་གྲངས་ཀྱི་བློ་གསར་འགྲན་བསྡུར་སྐབས་བཞི་པ་བོད་ལྗོངས་ལྷ་སར་སྤེལ་བ་རེད། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་འགྲན་ཞུགས་པ་བསོད་ནམས་ཀྱིས། ཁོང་གི་ངོས་ནས་བརྗོད་ན། ལས་གཏོད་ཀྱི་ཉམས་མྱོང་མཉམ་སྤྱོད་དང་མཛུན་སྟོན་བྱེད་པ་དེ་མ་འཇོག་ལས་དགོས་གལ་ཆེ་བ་འདུག་ཅེས་བརྗོད། 
   བོད་ལྗོངས་ཀྱི་ས་ཁུལ་(གྲོང་ཁྱེར)ཁག་གི་ཁྱད་ཆོས་ལྡན་པའི་གྲོང་གསེབ་ཀྱི་གསར་གཏོད་ལས་གཏོད་རྣམ་གྲངས་6དེ་ཉིན་གྱི་མཐའ་བསྡུར་ནང་ཚུད་ཡོད་པ་དང་། ཞིང་ལས་མཁས་དབང་དང་ལས་གཏོད་མཁས་དབང་གི་མཛུན་ཁྲིད་དགེ་རྒན་དང་། དངུལ་རྩའི་མཁས་དབང་བཅས་ལས་ཐུན་མོང་གི་དཔྱད་འདེམས་ཚོགས་པ་གྲུབ་པ་དང་། ཡུལ་དངོས་སུ་དཔྱད་བརྗོད་དང་སྐར་མ་བརྒྱབ་ཡོད་པས་མཐར་ཕུལ་བྱུང་གི་རྣམ་གྲངས་4འབུར་དུ་ཐོན་པ་དང་། དེར་བོད་ལྗོངས་ཀྱི་ཚབ་བྱས་ནས་ཀྲུང་གོའི་རྒྱལ་ཡོངས་གྲོང་གསེབ་གསར་གཏོད་ལས་གཏོད་རྣམ་གྲངས་ཀྱི་བློ་གསར་འགྲན་བསྡུར་སྐབས་བཞི་པའི་མཐའ་བསྡུར་ནང་ཞུགས་པའི་གོ་སྐབས་ཡོད་པ་རེད།
   འགྲན་བསྡུར་གྱི་ཞིབ་དཔྱད་ཨུ་ཡོན་གྱི་གྲས་ཤིག་སྟེ།  བོད་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གི་གྲོང་གསེབ་ཐོན་ལས་འཕེལ་རྒྱས་ཁྲུའུ་ཡི་ཁྲུའུ་ཀྲང་ཧུའུ་པིང་ལིང་གིས། འགྲན་བསྡུར་འདི་རིགས་ཀྱི་ཆེས་གལ་ཆེའི་ནུས་པ་ཞིག་ནི་ཕུལ་བྱུང་གི་ལས་གཏོད་མི་སྣ་དཔྱད་འདེམས་བྱས་པ་བརྒྱུད། མཚོན་བྱེད་རང་བཞིན་གྱི་ལས་གཏོད་དཔེ་དོན་སྔོག་འདོན་དང་། རྒྱ་ཆེ་བའི་ཞིང་འབྲོག་ཁུལ་དུ་སྣེ་ཁྲིད་དཔེ་སྟོན་གྱི་ནུས་པ་ཐོན་པ་བྱས་ནས། ཕ་ཡུལ་དུ་ལོག་པ་དང་། གྲོང་གསེབ་དུ་སྐྱོད་པ། ཕ་ཡུལ་དུ་ཡོད་པའི་མི་སྣ་བཅས་ལ་གསར་གཏོད་ལས་གཏོད་ཀྱི་སྤྲོ་སེམས་འཕེལ་བ་བྱས་ནས། ལས་གཏོད་ཀྱིས་ལས་ཞུགས་ལ་སྣེ་ཁྲིད་དང་། ལས་ཞུགས་ཀྱིས་འབབ་འཕར་ལ་སྐུལ་འདེད་གཏོང་བའི་རྣམ་པ་ཞིག་ཆགས་རྒྱུ་རེད་ཅེས་བརྗོད་པ་རེད།
   ཧུའུ་པིང་ལིང་གིས། སྐབས་འདིའི་འགྲན་བསྡུར་ལ་བལྟ་ས་མང་པོ་འདུག གསར་གཏོད་པས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཞིང་ལས་དང་རིག་གནས་ཐོན་ཁུངས་ལ་གཞི་བཙུགས་ནས། གཉེར་སྐྱོང་གི་བྱེད་པོ་གསར་འཛུགས་བྱས་པ་མ་ཟད། ས་གནས་དེ་གའི་འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་ཐུབ་ནས་ཞིང་འབྲོག་མང་ཚོགས་མཉམ་དུ་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱས་ཡོད། “གོམ་སྟབས་རྗེས་མར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་བླང་བྱ་ལྟར། གྲོང་གསེབ་ཀྱི་དམངས་ཕྱུག་དང་ཐོན་ལས་སྐུལ་ཁྲིད་སོགས་ལ་དམིགས་ནས་ཞིང་ལས་དང་གྲོང་གསེབ་ལས་དོན་གྱི་བསམ་ཕྱོགས་གསར་པ་རྒྱ་སྐྱེད་གཏོང་བ་དང་། བོད་ཀྱི་ཞིང་འབྲོག་ཐོན་ལས་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད།  
   གཞན་ཡང་ཀྲུང་གོ་ཞིང་ལས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གི་ཧང་ཀྲང་གཞོན་པ་ཡན་ཅུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་སྐབས་འདིའི་འགྲན་བསྡུར་གྱི་ཕུལ་བྱུང་བདམས་ཐོན་པ་དང་གཅིག་གཏད་གཅིག་མཐུད་བྱ་རྒྱུ་དང་།  མ་དངུལ་ཐད་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་ཞབས་ཞུ་ཧུར་ཐག་སྒྲུབ་ཐུབ་པ་བྱས་ནས། ཁོང་ཚོའིགསར་གཏོད་ཀྱི་བསམ་བཀོད་དང་ཕུགས་འདུན་འགྲུབ་རྒྱུར་རོགས་རམ་བྱ་རྒྱུ་ཡིན་པ་རེད།  
༄༅།།བོད་ལྗོངས་གྲོང་གསེབ་གསར་གཏོད་ལས་གཏོད་རྣམ་གྲངས་ཀྱི་བློ་གསར་འགྲན་བསྡུར་སྐབས་བཞི་
བ་ལྷ་སར་སྤེལ་བ།