འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་3ཉིན།

༄༅།།བོད་ལྗོངས་ལ་རྒྱལ་ཡོངས་འཛད་སྤྱོད་དབུལ་སྐྱོར་ཐོན་རྫས་185ཟིན་ཡོད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་03ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་1ཉིན། གསར་འགོད་པས་ཟླ་9ཚེས་1ཉིན་ལྷ་སར་འགོ་ཚུགས་པའི་བོད་ལྗོངས་འཛད་སྤྱོད་དབུལ་སྐྱོར་ཟླ་རེའི་བྱེད་སྒོའི་ཐོག་ནས་ཤེས་རྟོགས་བྱུང་གསལ། རྒྱལ་ཁབ་ཀྱིས་འཛད་སྤྱོད་དབུལ་སྐྱོར་བཀོད་སྒྲིག་འགོ་ཚུགས་པ་ནས་བཟུང་། བོད་ལྗོངས་ཀྱི་མུ་མཐུད་དུ་ཐོན་ལས་དབུལ་སྐྱོར་དང་དྲ་རྒྱ་དབུལ་སྐྱོར། གློག་རྡུལ་ཚོང་ལས་དབུལ་སྐྱོར་སྐུལ་འདེད་བྱེད་པ་དང་། རྒྱལ་ཡོངས་འཛད་སྤྱོད་དབུལ་སྐྱོར་ཐོན་རྫས་185ངོས་ལེན་དང་སྙན་ཞུ་བྱས་པ་རེད། རིམ་རྩིས་བྱས་ན་ཉོ་ཚོང་སྒོར་དུང་ཕྱུར་1.05ཟིན་པ་དང་། འཛད་སྤྱོད་དབུལ་སྐྱོར་ལས་དོན་ཉིན་རེ་བཞིན་གྲུབ་འབྲས་ཐོབ་བཞིན་ཡོད། 
   མིག་སྔར་བོད་ལྗོངས་ཀྱི་ས་གནས་ཁག་གིས་སྐྱེད་སྲིང་བྱས་པའི་དབུལ་སྐྱོར་ཐོན་ལས་ཐོན་འབབ་ལེགས་པའི་དུས་སུ་སླེབས་ཡོད། འོན་ཀྱང་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པས། ལྷོ་ཁ་གྲོང་ཁྱེར་གྱི་བོད་སྨན་སྨན་རྒྱུ་དང་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་གི་བྲ་བོ་འབྲས་སོགས་རྒྱལ་ཡོངས་ཀྱི་འཛད་སྤྱོད་དབུལ་སྐྱོར་ཐོན་རྫས་བྲིན་མི་ཐུབ་པའི་ཉེན་ཁ་ཆེ་རུ་ཕྱིན་ཡོད། དེའི་ཐད་བོད་ལྗོངས་ས་གནས་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་འཛད་སྤྱོད་དབུལ་སྐྱོར་བྱེད་སྟངས་མི་འདྲ་བ་བཏོན་ཡོད། ལྷ་ས་གྲོང་ཁྱེར་གྱིས་ཐོན་རྫས་ཀྱི་ཚད་གཞིའི་མ་ལག་འཛུགས་སྐྱོང་ལ་དམ་འཛིན་ཧུར་ཐག་བྱས་པས་གློག་རྡུལ་ཚོང་དོན་ཞབས་ཞུའི་མ་ལག་རགས་ཙམ་ཆགས་ཡོད། ད་བར་རྒྱལ་ཡོངས་ཀྱི་འཛད་སྤྱོད་དབུལ་སྐྱོར་ཐོན་རྫས་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི་7000ལྷག་ཙམ་ཟིན་པ་དང་དབུལ་སྐྱོར་ཐོན་རྫས་71རྒྱལ་ཡོངས་ཀྱི་འཛད་སྤྱོད་དབུལ་སྐྱོར་ཐོན་རྫས་ཀྱི་མིང་གཞུང་ནང་བཅུག་པ། ཆབ་མདོ་གྲོང་ཁྱེར་གྱིས་སྡེ་ཚན་ཁག་དང་ཚོང་འགུགས་མ་འདྲེན་ཁེ་ལས་སྒྲིག་འཛུགས་བྱས་ནས་དབུལ་སྐྱོར་ཐོན་རྫས་ཉོ་སྒྲུབ་བྱས་པ་རེད། བོད་སྐྱོར་ཞིང་ཆེན་དང་། གྲོང་ཁྱེར། ཁེ་ལས་བཅས་དང་ཁ་གཏད་རོགས་སྐྱོར་རྫོང(ཆུས)དབར་ཡུན་རིང་བརྟན་ལྷིང་གི་དབུལ་སྐྱོར་ཐོན་རྫས་ཕྱིར་ཚོང་འབྲེལ་བ་བཙུགས་ནས་ད་ལོའི་ཟླ་དང་པོ་ནས་བརྒྱད་པའི་བར་གྲོང་ཁྱེར་དེ་ཡོངས་ཀྱིས་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་ས་གནས་དེ་གའི་འཛད་སྤྱོད་དབུལ་སྐྱོར་ཐོན་རྫས་ཉོ་བའི་དངུལ་འབོར་སྒོར་ཁྲི་1400ལྷག་ཙམ་ཟིན་ཡོད་པ་རེད།
   རྗེས་མར་བོད་ལྗོངས་ཀྱི་འཛད་སྤྱོད་དབུལ་སྐྱོར་ཟླ་རེའི་བྱེད་སྒོ་དེ་འཛད་སྤྱོད་དབུལ་སྐྱོར་ཆེད་སྒྲིག་ཁང་དང་། ཆེད་དོན་ཁུལ། ཆེད་དོན་ཚོང་ཁང་། ཆེད་དོན་རླངས་འཁོར་བཅས་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས་དབུལ་སྐྱོར་ཐོན་རྫས་དེ་ལས་ཁུངས་དང་། སློབ་གྲྭ མཛེས་ལྗོངས་ཁུལ། སྡེ་ཁུལ། གནམ་གྲུ་ཐང་། མེ་འཁོར་འབབ་ཚུགས་བཅས་སུ་འདྲེན་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། ཕྱོགས་གང་ཅིའི་ཐད་ཀྱི་ཐོན་ཁུངས་ཉོ་སྒྲུབ་དང་བྲིན་འཚོང་ལ་རོགས་རམ་བྱེད་པའི་དབུལ་སྐྱོར་ཐོན་རྫས་གཅིག་གྱུར་འཆར་འགོད་བྱས་ཏེ། ཐབས་ལམ་མང་བ་དང་། ཁྱབ་རྒྱ་ཆེ་བ། གནད་སྨིན་ཅན་བཅས་ཀྱི་དབུལ་སྐྱོར་ཐོན་རྫས་ཕྱིར་འཚོང་ལམ་སྲོལ་ཆགས་པར་བྱེད་དགོས།