འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་2ཉིན།

༄༅།།བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་གཞུང་ལས་ཁང་གི་ཆེད་དོན་གསོ་སྦྱོང་འཛིན་
གྲྭས་བུད་མེད་ཀྱི་ལས་གཏོད་ལ་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་02ཉིན། 13:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་གཞུང་ལས་ཁང་གི་ཆེད་དོན་གསོ་སྦྱོང་འཛིན་
གྲྭས་བུད་མེད་ཀྱི་ལས་གཏོད་ལ་སྐུལ་འདེད་བཏང་བ།
   མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་31ཉིན། 2020ལོའི་བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་བུད་མེད་ཀྱི་ལས་གཏོད་ཁག་ཐེག་དངུལ་བུན་སྐྱེད་གསབ་ཀྱི་གསོ་སྦྱོང་འཛིན་གྲྭ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་དུ་སློབ་འགོ་ཚུགས་པ་རེད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དང་། ཆུ་ཤུར་རྫོང་། སྟོད་ལུང་བདེ་ཆེན་ཆུས་སོགས་ཀྱི་བུད་མེད་30ལྷག་ཙམ་གྱིས་དེ་རྗེས་ཀྱི་ཉིན་10ཡི་ནང་ལས་གཏོད་ཐད་ཀྱི་གསོ་སྦྱོང་དང་ལེན་བྱ་རྒྱུ་རེད།
    བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའི་ཁོངས་མི་སྐོར་གཟིགས་པ་ཀྲང་ལི་རུང་གིས་བརྗོད་དོན། ད་ཐེངས་ཀྱི་གསོ་སྦྱོང་འཛིན་གྲྭ་གཉེར་བའི་དམིགས་ཡུལ་ནི་རྒྱ་ཆེའི་བུད་མེད་སྤུན་ཟླ་ཚོས་དམངས་ཕན་སྲིད་ཇུས་ཁག་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པ་བྱ་རྒྱུ་དང་། བྱ་གཞག་གསར་གཏོད་བྱེད་པའི་བརྒྱུད་རིམ་ནང་གཟིགས་སྐྱོང་སྲིད་ཇུས་དེ་དག་བརྩོན་ལེན་དང་ལོངས་སྤྱོད་བྱ་རྒྱུ་དེ་རེད། 
   “འདི་ནི་བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལས་གཏོད་ཁག་ཐེག་དངུལ་བུན་སྐྱེད་གསབ་ཀྱི་གསོ་སྦྱོང་འཛིན་གྲྭ་གཉེར་ཐེངས་དང་པོ་རེད། ད་ཐེངས་ཀྱི་གསོ་སྦྱོང་བརྒྱུད་བུད་མེད་སྤུན་ཟླ་ཁག་གཅིག་ལ་ལས་གཏོད་ཀྱི་ཐོག་མར་འཕྲད་པའི་གནད་དོན་དངོས་ཐག་གཅོད་ཐུབ་པའི་རེ་བ་ཡོད།  འབྱུང་འགྱུར་ང་ཚོས་ཀྱང་དེ་དང་འདྲ་བའི་གསོ་སྦྱོང་འཛིན་གྲྭ་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་གཞན་དག་ཏུ་གཉེར་རྒྱུ་ཡིན”ཞེས་ཀྲང་ལི་རུང་གིས་བརྗོད།
   ཤེས་རྟོགས་བྱུང་བར་གཞིགས་ན། བུད་མེད་ཀྱི་ལས་གཏོད་བརྗོད་དོན་གཙོ་བོར་དམིགས་ནས་ད་ཐེངས་ཀྱི་གསོ་སྦྱོང་འཛིན་གྲྭས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཏང་གི་སློབ་གྲྭ་དང་བོད་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་སོགས་ཚན་པའི་དགེ་རྒན་གདན་དྲངས་ནས་སློབ་མ་ཚོར་དུས་རབས་གསར་པའི་ཞིང་དར་ཞིང་ཕན་སྲིད་ཇུས་དང་བོད་རང་སྐྱོང་ལྗོངས་ཀྱི་བུད་མེད་ལས་གཏོད་ཀྱི་ཁག་ཐེག་དངུལ་བུན་སྐྱེད་གསབ་སྲིད་ཇུས་སོགས་ལས་གཏོད་ཤེས་བྱ་གསལ་འགྲེལ་བྱས་པ་རེད།
   ད་ཐེངས་ཀྱི་གསོ་སྦྱོང་ནང་ཞུགས་མཁན་སློབ་མ་ཝུའེ་ཆིང་གིས་ལྷ་ས་གྲོང་ཁྱེར་དུ་ཕྱེ་མར་འབོ་ལས་སྣོན་ཁང་ཞིག་གཉེར་བཞིན་ཡོད། ཁོ་མོས་འདི་ལྟ་བུའི་གསོ་སྦྱོང་དགོས་གལ་ཧ་ཅང་ཆེན་པོ་འདུག “མ་གཞི་ལོ་མང་རིང་ཚོང་བརྒྱབ་ཀྱང་སྲིད་ཇུས་ཁག་གཅིག་དང་ལྷག་པར་དུ་ལས་གཏོད་བྱེད་རིང་གི་སྲིད་ཇུས་ལ་རྒྱུས་མངའ་དེ་ཙམ་མེད། ད་ཐེངས་ཀྱི་གསོ་སྦྱོང་སློབ་ཚན་ཧ་ཅང་ཞིབ་ཅིང་ཕྲ་བ་ཞིག་ཡོད་པས་སྲིད་ཇུས་དེ་དག་སློབ་སྦྱོང་ཡག་པོ་བྱས་ནས་རང་ཉིད་ཀྱི་ཚོང་སྔར་ལས་ཡག་པ་ཡོང་བ་བྱ་རྒྱུ་ཡིན་།”ཞེས་བརྗོད།