འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་2ཉིན།

༄༅༎ཧུའུ་པེ་ཤང་དབྱང་དུ་ཧུའུ་པེའི་རིག་གནས་དང་རང་བྱུང་ཚན་རིག་ཚན་ཁག་སློབ་གླིང་གི“སྐལ་བཟང་མེ་ཏོག”
སློབ་སྐྱོར་ཚོགས་པ་བོད་དུ་སྐྱོད་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་02ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ད་ཐེངས་ཀྱི་སློབ་སྐྱོར་ཚོགས་པའི་ཁོངས་མི་ནི་ཧུའུ་པེའི་རིག་གནས་དང་རང་བྱུང་ཚན་རིག་ཚན་ཁག་སློབ་གླིང་གི་ལུས་རྩལ་སློབ་གླིང་དང་། ཕྱི་སྐད་སློབ་གླིང་། སློབ་གསོ་སློབ་གླིང་། མཛེས་རྩལ་སློབ་གླིང་སོགས་སློབ་གླིང་6གི་ཕུལ་བྱུང་སློབ་གྲྭ་ཆེ་མོ་བ་8ལས་གྲུབ་པ་དང་། ཁོང་ཚོ་བོད་ལྗོངས་འཕྱོངས་རྒྱས་རྫོང་དུ་དུས་ཡུན་ཟླ་བཞི་ཡི་སློབ་སྐྱོར་བྱེད་སྒོ་སྤེལ་བར་བསྐྱོད་རྒྱུ་རེད། བོད་ལྗོངས་འཕྱོངས་རྒྱས་རྫོང་ནི་བོད་ལྷོའི་རོང་ཁུལ་དུ་གནས་པ་དང་། ཆ་སྙོམས་ས་བབ་མཐོ་ཚད་སྨི་3900ལྷག་ཙམ་ཟིན་པ་དང་། ས་བབ་མཐོ་ཤོས་སྨི་6450ཟིན་གྱི་ཡོད། རྫོང་དེའི་དགེ་རྒན་གྱི་སྟོབས་ཤུགས་སྐྱོ་ཙམ་ཡོད་རྐྱེན། 2014ལོ་ནས་བཟུང་། ཧུའུ་པེའི་རིག་གནས་དང་རང་བྱུང་ཚན་རིག་ཚན་ཁག་སློབ་གླིང་གིས་སྔ་རྗེས་སུ་སློབ་སྐྱོར་ཚོགས་པ་ཁག་དགུ་དང་མི་ཐེངས་45བོད་རིགས་ས་ཁུལ་གྱི་སློབ་གསོའི་ལས་དོན་ལ་རྒྱབ་སྐྱོར་བྱེད་པར་མངགས་ཡོད། སློབ་གྲྭ་དེའི“སྐལ་བཟང་མེ་ཏོག”བོད་སྐྱོད་སློབ་སྐྱོར་ཚོགས་པར“མཐའ་མཚམས་ལ་རོགས་སྐྱོར་བྱེད་མཁན་ཡག་ཤོས”དང་། “ཀྲུང་གོའི་མི་བཟང” “ཧུའུ་པེའི་མིག་དཔེ”སོགས་ཀྱི་གཟི་བརྗིད་མཚན་སྙན་སྔ་རྗེས་སུ་ཐོབ་ཡོད། 2020ལོའི་ཟླ་8ཚེས་30ཉིན་ཧུའུ་པེ་ཞིང་ཆེན་ཤང་དབྱང་གྲོང་ཁྱེར་ཧུའུ་པེའི་རིག་གནས་དང་རང་བྱུང་ཚན་རིག་ཚན་ཁག་སློབ་གླིང་དུ“སྐལ་བཟང་མེ་ཏོག”བོད་སྐྱོད་སློབ་སྐྱོར་ཚོགས་པའི་རུ་མི་ཚོ་སློབ་གྲྭ་ནས་ཐོན་ཏེ་བོད་དུ་བསྐྱོད་པ་རེད།
     འདི་ནི་2020ལོའི་ཟླ་8ཚེས་30ཉིན་ཧུའུ་པེ་ཞིང་ཆེན་ཤང་དབྱང་གྲོང་ཁྱེར་ཧུའུ་པེའི་རིག་གནས་དང་རང་བྱུང་ཚན་རིག་ཚན་ཁག་སློབ་གླིང་གི་སློབ་འགོ་ཚུགས་མཚམས་སུ། སློབ་གྲྭ་དེའི་ཁག་བཅུ་པའི“སྐལ་བཟང་མེ་ཏོག”བོད་སྐྱོར་སློབ་སྐྱོར་ཚོགས་པའི་རུ་མིས་རྡོག་ཆས་གྲ་སྒྲིག་བྱས་ཏེ་སློབ་གྲྭ་ནས་ཐོན་ནས་བོད་དུ་སློབ་སྐྱོར་ལ་སྐྱོད་བཞིན་པ།