འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་1ཉིན།

༄༅།།རྒྱལ་ཡོངས་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་བོད་སྐྱོད་བརྟག་ཞིབ་ཚོགས་
ཆུང་ལྷ་སར་འབྱོར་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་01ཉིན། 13:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།རྒྱལ་ཡོངས་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་བོད་སྐྱོད་བརྟག་ཞིབ་ཚོགས་
ཆུང་ལྷ་སར་འབྱོར་བ།
   མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་30ཉིན་རྒྱལ་ཡོངས་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་བོད་སྐྱོད་བརྟག་ཞིབ་ཚོགས་ཆུང་པེ་ཅིང་སློབ་ཆེན་གྱི་ལས་གཏོད་སྦྱོང་བརྡར་སྒར་སའི་བོད་ལྗོངས་རྟེན་གཞིའི་བརྟག་ཞིབ་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ་རེད།
བཞུགས་མོལ་ཚོགས་འདུའི་ཐོག པེ་ཅིང་སློབ་ཆེན་གྱི་བོད་ལྗོངས་སློབ་གྲོགས་ཚོགས་པའི་ཚོགས་གཙོ་བོད་ལྗོངས་པེ་ཅིང་ཚོང་ཚོགས་ཀྱི་རྒྱུན་ལས་དྲུང་ཆེ་ཧྥང་ཁུན་གྱིས་ངོ་སྤྲོད་བྱས་པར། 2017ལོའི་ལོ་འགོར་པེ་ཅིང་སློབ་ཆེན་གྱི་ལས་གཏོད་སྦྱོང་བརྡར་སྒར་སའི་བོད་ཀྱི་ཀུན་གཏོད་བར་མཐོངས་ལྷ་སར་བཙུགས་པ་རེད། ད་བར་འཕེལ་རྒྱས་ཕྱིན་ནས།  བོད་ལྗོངས་ཀྱི་སྒོ་དབྱེའི་སྤྱི་ཕན་ལས་གཏོད་སློབ་གསོ་དང་རོགས་སྐྱོར་ལས་སྟེགས་ཆེ་ཤོས་སུ་གྱུར་ཡོད། 2020ལོའི་ཟླ་8པ་བར། དམིགས་བསལ་གསོ་སྦྱོང་འཛིན་གྲྭ་དང་། ཡོངས་བསྒྲགས་སློབ་ཚན། དགེ་སློབ་ཆ་སྒྲིག གསར་གཏོད་འགྲན་ཆེན། རྣམ་གྲངས་འབྲེལ་མཐུད་སོགས་རྣམ་པ་སྣ་ཚོགས་བརྒྱུད་བོད་ལྗོངས་རྟེན་གཞིས་ཁྱོན་ལས་གཏོད་གསོ་སྦྱོང་30བྱས་པར་སློབ་ཚན་ཐེངས་100ལྷག་ཙམ་གཉེར་བ་དང་། རིམ་རྩིས་བྱས་ན་གཉིས་གཏོད་ཁེ་ལས་1000ལྷག་ཙམ་ལ་གསོ་སྦྱོང་བྱས་པ་དང་ལས་གཏོད་པའི་ཁེ་ལས་མཁས་ཅན་མི་ཐེངས་5000ལྷག་ཙམ་གསོ་སྦྱོང་བྱས་ཡོད་པ་རེད།
    བྱེད་སྒོའི་ནང་། ཁེ་ལས་9ཡི་ན་གཞོན་ལས་གཏོད་པ་དང་སློབ་ཆེན་སློབ་མའི་ཁེ་ལས་མཁས་ཅན་གྱིས་ཁེ་ལས་འཕེལ་རྒྱས་ཀྱི་གནས་ཚུལ་མཉམ་སྤྱོད་བྱས་པ་རེད།
    བརྟག་ཞིབ་ཚོགས་ཆུང་དང་བཅས་པ་དང་གཞོན་ནུ་ལས་གཏོད་པ་དང་། སློབ་ཆེན་སློབ་མའི་ཁེ་ལས་མཁས་ཅན་ཚོས་མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ཇི་ལྟར་བསྐྲུན་རྒྱུ་སོགས་ཀྱི་གནད་དོན་ལ་དམིགས་ནས་སྤེལ་རེས་བྱས་པ་རེད།
    རྒྱལ་ཡོངས་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཆི་ཐུང་ཧྲེང་གིས། ན་གཞོན་ཁེ་ལས་མཁས་ཅན་ཞིག་ཡིན་པའི་ངོས་ནས་རྒྱལ་ཁབ་ཀྱི་འབྱུང་འགྱུར་གྱི་དགོས་མཁོ་དང་བོད་ལྗོངས་ཀྱི་འཆར་འགོད་གཞིར་བཟུང་བ་དང་།  རང་ངོས་དང་བོད་ལྗོངས་ཀྱི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་ཁེ་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།     ཁེ་ལས་ཀྱི་རིག་གནས་ཁྲོད་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་བྱ་རྒྱུར་སྣང་ཆེན་བྱས་ཏེ་མི་རིགས་ཁག་གི་ལས་བཟོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་བརྟན་དུ་གཏོང་རྒྱུར་ཁྲིད་སྟོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།  
【1】  【2】
༄༅།།རྒྱལ་ཡོངས་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་བོད་སྐྱོད་བརྟག་ཞིབ་ཚོགས་
ཆུང་ལྷ་སར་འབྱོར་བ།